འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གིས་གློག་འཕྲིན་བཏང་ནས་ལོ་སི་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་
    ཏང་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་22ཉིན་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལོ་སི་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་སྟེ་ལོ་སི་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་ཏང་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་རེད། གློག་འཕྲིན་གྱི་ནང་དོན་གནད་བསྡུས་གཤམ་གསལ།
         ལོ་ངོ་60རིང་ལ་ལོ་སི་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་གཅིག་གྱུར་རྒྱལ་ཁའི་ངང་མངོན་འགྱུར་བྱས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་ཀྱི་བྱ་གཞག་ནང་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད་པས། ང་ཚོ་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ང་ཚོས་བློ་མཐུན་ཀྲུའུ་མ་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ལོ་སི་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེའི་ཏང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲོད་གནང་བའི་འོག་ལོ་སི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་དམིགས་ཡུལ་དང་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་སྒོ་ནས་ཚོགས་ཆེན་བཅུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།