མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་འགོ་ཚུགས་པའི་མཛད་
སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་01ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་འགོ་ཚུགས་པའི་མཛད་
སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཕ་རི་སི་གྲོང་ཁྱེར་དུ་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཕ་རི་སིའི་ཚོགས་ཆེན་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཁ་བྱང་ལ་《ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་དང་། དྲང་གཞག་ལུགས་མཐུན་གྱི་གནམ་གཤིས་འགྱུར་ལྡོག་བཅོས་སྐྱོང་ལམ་རྐྱེན་སྲོལ་འཛུགས་སྐྱོང་བྱེད་དགོས་》ཞེས་པའི་གསུང་བཤད་གལ་ཆེན་ཡང་གནང་ནས་ཕྱོགས་སོ་སོས་ལྷག་བསམ་མངོན་པ་དང་། ཡིད་ཆེས་ཇེ་བརྟན། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་དྲང་སྙོམས་ཕན་ནུས་ལྡན་པའི་འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྐྱེན་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་སྔར་ལས་ཆུ་ཚད་མཐོན་པོའི་སྒོ་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་དང་། མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
2015-12-02 2015-12-02 2015-12-01 2015-11-30 2015-11-30