མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་02ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཙུང་ཐུང་ཨའོ་ལང་ཏེས་ཟླ་བ་དེ་རང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་གཉིས་པ་གནང་བ་དང་། ང་ཚོས་མཉམ་དུ་ཀྲུང་ཧྥའི་འགོ་གཙོའི་གནམ་གཤིས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ལེགས་པ་དང་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་གྲུབ་ཡོད། འབྱུང་འགྱུར་ལ་ཕྱོགས་ནས་ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་བའི་ཆབ་སྲིད་གྲོས་མོལ་རྒྱུན་འཁྱོངས་བྱེད་པ་དང་། གྲོས་ཐག་བཅད་པའི་མཉམ་ལས་རྣམ་གྲངས་གལ་ཆེན་དང་མཉམ་ལས་གྲོས་མཐུན་གལ་ཆེན་དམ་འཛིན་བྱས་ནས་ལག་བསྟར་བྱས་ཏེ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་དབར་གྱི་མཉམ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་། རིག་གནས། ཚན་རྩལ། སློབ་གསོ། ཡུལ་སྐོར་སྤྲོ་འཆམ་སོགས་ཁྱབ་ཁོངས་སུ་སྤེལ་རེས་བྱེད་སྒོ་སྣ་ཚོགས་སྤེལ་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན་པས། ཧྥ་རན་སེ་ཕྱོགས་དང་སྤེལ་རེས་དམ་ཟབ་མཐའ་འཁྱོངས་དང་དབུ་ཚོགས་བདེ་བླག་ངང་འཚོག་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་འབྲེལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གནད་དོན་ཐད་ཀྱི་འཐབ་ཇུས་རང་བཞིན་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཨའོ་ལང་ཏེས། ངས་ཟླ་འདིའི་ཟླ་འགོར། ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་བྱུང་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་གཙོའི་དབར་གྲུབ་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། མ་དངུལ་གཏོང་བ་དང་། དཔལ་འབྱོར་ཚོང་དོན། ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་འགྲོ་འོང་དམ་ཟབ་ལ་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོས་སང་ལོ་གཙོ་གཉེར་བྱ་རྒྱུའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་གཞོགས་འདེགས་དམ་ཟབ་བྱེད་འདོད་ཅེས་གསུངས་པ་རེད།

  
2015-12-02 2015-12-02 2015-12-01 2015-11-30 2015-11-30