འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

    ༄༅།།དབྱང་ཧྥེང་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་
    པའི་འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱང་ཧྥེང་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་
པའི་འགན་བཞེས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་སྐབས་12པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་26པ་གྲོལ་ཞིང་། ཚོགས་འདུའི་ཐོག་དབྱང་ཧྥེང་ཁྲུན་(杨逢春)མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། 
         བློ་མཐུན་དབྱང་ཧྥེང་ཁྲུན་གྱི་ལོ་རྒྱུས་མདོར་བསྡུས།
         དབྱང་ཧྥེང་ཁྲུན། སྐྱེས་པ། རྒྱ་རིགས། 1963ལོའི་ཟླ་12པར་སྐྱེས། ཅང་ཞི་ཞིང་ཆེན་ཤིན་གོ་ནས་ཡིན་པ། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཁྲིམས་ལུགས་རིག་པའི་རབ་འབྱམས་པ་དང་། དོ་དམ་རིག་པའི་འབུམ་རམས་པ་རེད། 1987ལོའི་ཟླ་7པར་ལས་ཀར་ཞུགས་ཤིང་། 1984ལོའི་ཟླ་7པར་ཀྲུང་གོའི་གུང་ཁྲན་ཏང་ལ་ཞུགས། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་དྲུང་ཡིག་ཆེ་མོ། གཞུང་ལས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།