མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་བརྒྱད་ཀྱིས“དྲུག་གཅིག”ལ་རྟེན་འབྲེལ་ཞུ་རྒྱུའི་བརྡ་ཐོ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བརྒྱད་ཀྱིས་ཉེ་ཆར་《2016ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་མཉམ་འབྲེལ་བརྡ་ཐོ་》བཏང་ནས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ཧུར་ཐག་བཏོད་པ། དམིགས་བསལ་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་རོགས་རམ་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ཐོག་ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ལུགས་གང་ལེགས་མཚོན་དགོས་པའི་བླང་བྱ་བཏོན་པ་རེད།