འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་ཏུང་རྨིན་དང་དབྱི་ལི་རྣམ་གཉིས་ཀྱིས་གཟི་ཚ་སྡེ་དགུ་རྫོང་གི་གཙང་རྩ་གྲོང་རྡལ་དུ་ཡོམ་
    འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཝང་ཏུང་རྨིན་དང་དབྱི་ལི་རྣམ་གཉིས་ཀྱིས་གཟི་ཚ་སྡེ་དགུ་རྫོང་གི་གཙང་རྩ་གྲོང་རྡལ་དུ་ཡོམ་
འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཏུང་རྨིན་དང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་འགན་འཛིན། བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་དབྱི་ལི་རྣམ་གཉིས་ཐད་འཕུར་གནམ་གྲུར་བཞུགས་ཏེ་ཡོམ་གནས་གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་དུ་འབྱོར་རྗེས། འཕྲལ་མར་ཐེན་ཡོན་ཧའོ་ཧྲེང་གསོལ་མགྲོན་ཁང་གི་སྒོ་མདུན་ཐང་ཆེན་དུ་ཕེབས་ཏེ་གནས་སྤོའི་ཡུལ་སྐོར་བ་ཚོར་འཚམས་གཟིགས་གནང་བ་དང་། དེ་རྗེས་གཟི་ཚ་སྡེ་དགུ་རྫོང་མི་དམངས་སྨན་ཁང་གཉིས་པར་ཕེབས་ཏེ་སྨན་ཁང་དུ་ཡོད་པའི་རྨས་མ་དང་སྨན་བཅོས་མི་སྣར་འཚམས་གཟིགས་གནང་བ་མ་ཟད། ཡུལ་དངོས་ཀྱི་བཀོད་འདོམས་པུའུ་རུ་ཕེབས་ཏེ་མྱུར་སྐྱོབ་ལས་དོན་ལ་ཞུགས་པའི་ཆེད་ལས་མི་སྣ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ཚུལ་བརྒྱུད་བསྒྲགས་གནང་ལ། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཡུལ་སྐོར་བ་དང་། གནོད་སྐྱོན་བྱུང་བའི་མང་ཚོགས་ལ་འཚམས་འདྲི་གནང་བ། སྨན་བཅོས་མི་སྣ་དང་མྱུར་སྐྱོབ་མི་སྣ་ཚོར་བཀའ་དྲིན་ཆེ་ཞེས་ཞུས་གནང་བ་རེད།
            ཐེན་ཡོན་ཧའོ་ཧྲེང་གསོལ་མགྲོན་ཁང་གི་སྒོ་མདུན་ཐང་ཆེན་དུ། ཝང་ཏུང་རྨིན་གྱིས་ཡུལ་སྐོར་བ་ཚོར་ཁ་སང་དགོང་མོ་ནས་བཟུང་། ང་ཚོས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཚང་མ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གནས་སྤོ་བྱས་ནས་ཚང་མ་བདེ་འཇགས་ངང་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པའི་འགན་སྲུང་བྱེད་བཞིན་ཡོད། གེགས་རྗེས་བསྐྱར་སྐྲུན་བྱས་ཚར་རྗེས། ཁྱེད་ཚོ་ཡང་བསྐྱར་ཕེབས་པར་དགའ་བསུ་ཞུ་ཞེས་བརྗོད་པ་རེད། རྨས་མ་དང་སྨན་བཅོས་མི་སྣ་ཚོར་འཚམས་གཟིགས་གནང་དུས། ཝང་ཏུང་རྨིན་གྱིས་སྨན་བཅོས་ནུས་ཤུགས་སྒྲིག་འཛུགས་དང་སྨན་རྫས་ཡོ་བྱད་ལེགས་སྒྲིག་བྱས་ཏེ་ནུས་ཐབས་ཅི་ཡོད་ཀྱིས་རྨས་མ་སྨན་བཅོས་དང་རྨས་མ་ཚང་མར་སྨན་བཅོས་ཐུབ་པའི་ཁག་ཐེག་བྱེད་དགོས་ཞེས་བརྗོད་པ་རེད། མྱུར་སྐྱོབ་མི་སྣར་འཚམས་གཟིགས་གནང་དུས། ཝང་ཏུང་རྨིན་གྱིས་གནོད་འཚེ་ནི་བཀའ་རྒྱ་རེད། ཐོལ་བྱུང་གནོད་འཚེ་དང་འཕྲད་ན། ཚང་མས་འཕྲལ་མར་མྱུར་སྐྱོབ་ལས་དོན་དུ་ཞུགས་ནས་གནོད་འཚེ་བྱུང་ཁུལ་དུ་བསྐྱོད་པ་དེས་དཀའ་ངལ་བསུས་ནས་མདུན་དུ་སྐྱོད་པ་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ། མི་དམངས་སེམས་ཁོངས་ཀྱི་ཆེས་གཙོ་བོར་འཇོག་པའི་རླབས་ཆེན་བསམ་བློ་མཚོན་ཡོད་པས། ཚང་མས་དཀའ་སྡུག་ལ་མི་སྐྲག་པར་བསྟུད་མར་དཀའ་སྤྱད་འབད་འཐབ་ཀྱི་སྲོལ་བཟང་རྒྱུན་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུ་དང་བློ་སེམས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་གྱི་འཐབ་ར་འདི་ལས་རྒྱལ་ཁ་ལེན་རེ་ཡོད་ཅེས་བརྗོད་པ་རེད།
           དེ་རྗེས། ཝང་ཏུང་རྨིན་དང་དབྱི་ལི་གཉིས་རྣམ་གཉིས་ཀྱིས་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་རུ་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། ཚོགས་འདུའི་ཐོག་རྔ་པ་ཁུལ་དང་གཟི་ཚ་སྡེ་དགུ་རྫོང་། གཞན་ད་དུང་འབྲེལ་ཡོད་ཕྱོགས་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་གནས་ཚུལ་གྱི་སྙན་ཞུ་ལ་གསན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་སློབ་སྟོན་དང་མཆན་བཀོད་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་བ་དང་། འགན་ཁུར་དོན་འཁྱོལ་ནན་པོར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་སྣ་འཚོལ་ཞིབ་དང་། རྨས་མ་མྱུར་སྐྱོབ། ཡུལ་སྐོར་བ་ཁ་འགྲེམ། གནོད་སྐྱོན་བྱུང་བའི་མང་ཚོགས་གནས་སྤོ་བདེ་འཁོད། རྨང་གཞིའི་སྒྲིག་བཀོད་འཕྲིན་གཏོང་དང་ཞར་བྱུང་གནོད་འཚེ་སྔོན་འགོག གེགས་སེལ་དངོས་ཟོག་ཁག་ཐེག རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་དང་རྗེས་འཇུག་ལས་དོན་བསྒྲུབ་པ། བརྡ་འཕྲིན་ཡོངས་བསྒྲགས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་སྐོར་བྱེ་བྲག་ཏུ་བཀོད་སྒྲིག་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།