འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་ཁུལ་དུ་དགའ་སྤྲོ་འཁོལ་བའི་སྐོར་བྲོ་ཡིས་དབྱར་གྱི་རྩྭ་ཐང་རབ་ཏུ་རྒྱན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀན་ལྷོ་བོད་ཁུལ་དུ་དགའ་སྤྲོ་འཁོལ་བའི་སྐོར་བྲོ་ཡིས་དབྱར་གྱི་རྩྭ་ཐང་རབ་ཏུ་རྒྱན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། ཀྲུང་གོ་ཀླུ་ཆུ་རྫོང་སྐོར་བྲོ་འཁྲབ་སྟོན་སྐབས་དྲུག་པ་དང་ཁང་འཁོར་ཡུལ་སྐོར་ཚོགས་ཆེན་སྐབས་དང་པོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཤ་ཟའི་རྩྭ་ཐང་དུ་གཉེར་འགོ་བརྩམས་པ་རེད། ཀན་སུའུ་དང་མཚོ་སྔོན། བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་ཁུལ་ནས་ཕེབས་པའི་རུ་ཁག་27གྱི་སྐོར་བྲོ་འཁྲབ་མཁན་1600ལྷག་དང་། ས་གནས་དེ་གའི་བོད་རིགས་མང་ཚོགས། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བཅས་མཉམ་དུ་འཛོམས་ཏེ་རྩྭ་ཐང་སྟེང་དུ་གླུ་ལེན་བྲོ་འཁྲབ་བྱས་ནས་ལོ་རྗེས་མར་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་བཏབ་པ་དང་། བོད་མི་རིགས་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་འགྲེམས་སྟོན་དང་དར་སྤེལ་གཏོང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྐོར་བྲོ་འཁྲབ་སྟོན་ནི་ཟླ་8ཚེས་10ཉིན་བར་རྒྱུན་མཐུད་བྱས་ཤིང་། དེའི་རིང་ལ་ད་དུང་ཁང་འཁོར་སྐོར་སྐྱོད་དང་། མེ་ཕུང་དགོངས་ཚོགས། རྩྭ་ཐང་དུ་གུར་ཕུབ་ནས་བསྡད་པ་སོགས་ཀྱི་བྱེད་སྒོ་སྤེལ་བས། རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་དང་ཞིང་འབྲོག་མང་ཚོགས་ཁྲི་15ལྷག་དེ་རུ་འཛོམས་ཡོད་པ་རེད།
    ༄༅།།ཀན་ལྷོ་བོད་ཁུལ་དུ་དགའ་སྤྲོ་འཁོལ་བའི་སྐོར་བྲོ་ཡིས་དབྱར་གྱི་རྩྭ་ཐང་རབ་ཏུ་རྒྱན་པ།
    ༄༅།།ཀན་ལྷོ་བོད་ཁུལ་དུ་དགའ་སྤྲོ་འཁོལ་བའི་སྐོར་བྲོ་ཡིས་དབྱར་གྱི་རྩྭ་ཐང་རབ་ཏུ་རྒྱན་པ།
      

    ཕྱོགས་བསྡུས་གསར་འགྱུར།