འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚ་སྡེ་དགུ་ནས་མི་ཁྲི་6ལྷག་ཙམ་བདེ་འཇགས་ངང་གནས་སྤོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཟི་ཚ་སྡེ་དགུ་ནས་མི་ཁྲི་6ལྷག་ཙམ་བདེ་འཇགས་ངང་གནས་སྤོ་བྱས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ཐོག རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བྱུང་བ་རེད། ཟླ་8ཚེས་9ཉིན་གྱི་ཆུ་ཚོད་24ཡང་མ་འགོར་བའི་དུས་ཡུན་ནང་། ས་གནས་དེ་གས་རིམ་རྩིས་བརྒྱབ་པ་ལྟར་ན་ཡུལ་སྐོར་བ་དང་ལས་གཉེར་མི་སྣ་ཁྲི་6ལྷག་ཙམ་གནས་སྤོ་བྱས་པ་དང་། དུས་མཚུངས་སུ་གནོད་འཚེ་བྱུང་བའི་མང་ཚོགས་འཕྲལ་སྡོམ་བདེ་འཁོད་ཡོང་ཐབས་བྱས་པ་རེད།
            ཡུལ་སྐོར་བ་བདེ་འཇགས་གནས་སྤོ་དང་། གནོད་སྐྱོན་བྱུང་བའི་མང་ཚོགས་བདེ་འཁོད་བཀོད་སྒྲིག་བྱས་པ་འདི་ནི་ཕྱོགས་ཁག་ནས་འབད་པ་ཆེན་པོ་བྱས་པའི་འབྲས་བུ་ཡིན་པ་རེད། འདས་པའི་ཉིན་གཅིག་གི་རིང་ལ། ང་ཚོར་སེམས་འགུལ་ཐེབས་པ་དང་བརྗེད་པར་དཀའ་བའི་སྣང་བརྙན་མང་པོ་ཞིག་གི་འཆར་སྣང་ཡོང་གི་འདུག
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།གཟི་ཚ་སྡེ་དགུ་ནས་མི་ཁྲི་6ལྷག་ཙམ་བདེ་འཇགས་ངང་གནས་སྤོ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།