མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གི་1.25ཉིན་གྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་ཚིག་དུམ་གལ་ཆེན་བཅུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་29ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང་གི་1.25ཉིན་གྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་ཚིག་དུམ་གལ་ཆེན་བཅུ།

         མི་དམངས་དྲ་བའི་འཕྲིན། རྩོམ་སྒྲིག་པའི་གཏམ། 2019ལོའི་ཟླ་1ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀུན་འདུས་སྨན་སྦྱོར་དུས་རབས་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པ་བསྡུས་པ་དང་། ཞི་ཅིན་ཕིང་གི་སྣེ་ཁྲིད་འོག  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་མི་དམངས་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་གསར་པའི་ཐོག་ཁང་ནང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། མི་དམངས་དྲ་བའི་ཀུན་འདུས་སྨྱན་སྦྱོར་ཁྱབ་སྤེལ་ཚོད་འཛིན་ལྟེ་གནས་ནས་མི་དམངས་དྲ་བའི་སྤྱི་ཁྱབ་འགན་འཛིན་ཡེ་ཀྲེན་ཀྲེན་གྱི་འགྲེལ་བཤད་ལ་གསན་པ་དང་། ད་དུང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་བགྲོ་གླེང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། མི་དམངས་དྲ་བས་ཆེད་དུ་“ཚིག་དུམ་གལ་ཆེན་བཅུ”བདམས་ཏེ་དྲ་གྲོགས་ཚོའི་མིག་ལམ་དུ་འབུལ་རྒྱུ་ཡིན།
         1.སྨན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀུན་འདུས་སྨྱན་སྦྱོར་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་མིག་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་དཔྱད་གཞི་ཞིག་ཏུ་གྱུར་ཡོད། ཆ་འཕྲིན་གསར་བརྗེ་ཡི་གྲུབ་འབྲས་བེད་སྤྱད་ནས། སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་གཏོང་བ་དང་། གཙོ་རྒྱུག་གླེང་ཕྱོགས་སྟོབས་ལྡན་དང་ནུས་ལྡན་བཟོ་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ།  “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བསམ་བློའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་སྟོབས་ཆེན་པོ་འདོན་སྤྲོད་བྱེད་དགོས། 
         2.ཀུན་འདུས་སྨྱན་སྦྱོར་རྒྱུན་ཆད་མེད་པར་གོང་དུ་འཕེལ་བས།  བརྒྱུད་རིམ་ཧྲིལ་པོའི་སྨྱན་སྦྱོར་དང་། ཆ་འཕྲིན་ཡོངས་མངོན་པའི་སྨྱན་སྦྱོར། མི་སྣ་ཡོངས་ཀྱི་སྨྱན་སྦྱོར། ཕན་འབྲས་ཆ་ཚང་ཐོན་པའི་སྨྱན་སྦྱོར་བཅས་གསར་དུ་བྱུང་ཞིང་། ཆ་འཕྲིན་གང་སར་ཁྱབ་པ་དང་། གང་ཡང་ཡོད་པ། ཀུན་གྱིས་སྤྱོད་ཀྱི་ཡོད་པས། གླེང་ཕྱོགས་ཀྱི་ཁོར་ཡུག་དང་། སྨྱན་སྦྱོར་གྱི་རྣམ་པ། ཁྱབ་སྤེལ་གཏོང་སྟངས་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ལ། གསར་འགྱུར་གླེང་ཕྱོགས་ལས་དོན་ཡང་འགྲན་སློང་གསར་པ་དང་འཕྲད་ཡོད། 
         3.སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་ལེགས་སྒྲིག་དང་ལས་སྟེགས་བསྐྱར་སྐྲུན་བྱས་པ་བརྒྱུད། སྨྱན་སྦྱོར་གྱི་ཐོན་ཁུངས་དང་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་སྣ་ཚོགས་ནུས་ལྡན་གྱིས་ཧྲག་སྒྲིག་དང་། ཆ་འཕྲིན་ནང་དོན་དང་། ལག་རྩལ་བཀོལ་སྤྱོད། ལས་སྟེགས་སྤྱོད་སྣེ། དོ་དམ་བྱེད་ཐབས་བཅས་ཕན་ཚུན་བར་འབྲེལ་མཐུད་ཡོང་བ་བྱས་ཤིང་། མཉམ་འདྲེས་ཀྱིས་ངོ་བོ་བསྒྱུར་བ་དང་གཞི་གཅིག་གི་ཕན་ནུས་ཆེ་རུ་བཏང་སྟེ། ཤུགས་རྐྱེན་དང་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན་པའི་གཙོ་རྒྱུག་སྨྱན་སྦྱོར་གསར་པ་ཁག་གཅིག་གསར་དུ་གཏོད་དགོས། 
         4.སྤོ་འགུལ་སྔོན་ལ་འཇོག་པའི་ཐབས་ཇུས་མཐའ་འཁྱོངས་བྱེད་དགོས་པ་དང་། གཙོ་རྒྱུག་སྨྱན་སྦྱོར་གྱིས་སྤོ་འགུལ་ཁྱབ་སྤེལ་ལ་བརྟེན་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། བསམ་བློའི་ཁྲིད་སྟོན། རིག་གནས་རྒྱུན་འཛིན། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཐད་ཀྱི་ཁྱབ་སྤེལ་གྱི་མཐོ་ས་བརྟན་པོར་བཟུང་བ་བྱེད་དགོས།
         5.མིས་བཟོས་རིག་ནུས་གསར་འགྱུར་འཚོལ་སྡུད་དང་། ཐོན་སྐྱེད། བསྡུ་ལེན། ཚུར་ལེན་བཅས་ཀྱི་ཁྲོད་སྤྱོད་རྒྱུར་འཚོལ་ཞིབ་བྱས་ཏེ།  གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
         6.སྲོལ་རྒྱུན་སྨྱན་སྦྱོར་དང་དེང་རབས་སྨྱན་སྦྱོར། ཀྲུང་དབྱང་སྨྱན་སྦྱོར་དང་ས་གནས་སྨྱན་སྦྱོར། གཙོ་རྒྱུག་སྨྱན་སྦྱོར་དང་ཚོང་ལས་སྤྱི་སྟེགས། མང་ཚོགས་ཅན་གྱི་སྨྱན་སྦྱོར་དང་ཆེད་ལས་རང་བཞིན་གྱི་སྨྱན་སྦྱོར་བཅས་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་ཐག་གཅོད་གང་ལེགས་བཏང་བ་བརྒྱུད། ཐོན་ཁུངས་ལེགས་བསྡུས་དང་གྲུབ་ཚུལ་ལུགས་མཐུན། ཁྱད་པར་འཕེལ་རྒྱས། མཐུན་སྦྱོར་ལས་ཆོད་མཐོ་བའི་ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་མ་ལག་ཆགས་པ་བྱེད་དགོས། 
         7.ཁྲིམས་ལྟར་གསར་དར་སྨྱན་སྦྱོར་ལ་དོ་དམ་བྱས་ནས། ང་ཚོའི་དྲ་རྒྱའི་བར་སྟོངས་སྔར་ལས་དྭངས་གཙང་ཡོང་བ་བྱེད་དགོས། 
         8.རྩེ་རིམ་ཇུས་འགོད་ཡག་པོ་བྱེད་རྒྱུར་དམ་འཛིན་དང་། ཁྱབ་སྤེལ་ལས་སྟེགས་གསར་པ་གཏོད་པ། གཙོ་རྒྱུག་སྨྱན་སྦྱོར་གསར་པ་བསྐྲུན་པ། གཙོ་རྒྱུག་རིན་ཐང་གི་ཤུགས་རྐྱེན་ནུས་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྐད་སྒྲ་སྔར་ལས་ཡངས་ཤིང་རྒྱ་ཆེ་ལ་གཏིང་ཟབ་མོར་ཁྱབ་སྤེལ་ཡོང་བ་བྱེད་དགོས།
         9.གཙོ་རྒྱུག་སྨྱན་སྦྱོར་གྱིས་དུས་ཐོག་ཏུ་ཕྱི་ཡུལ་གྱི་དོན་དངོས་དང་ལྟ་བ་གསལ་བའི་ཆ་འཕྲིན་གྱི་ནང་དོན་མཁོ་འདོན་བྱས་ཏེ། གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་ནུས་པ་དམ་པོར་བཟུང་དགོས། 
        10.ཏང་གི་ཚགས་པར་དང་དུས་དེབ་ཀྱིས་ཁྱབ་སྤེལ་ཐབས་ལམ་གྱི་འཛུགས་སྐྲུན་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། དྲ་ཚིགས་དང་། པོད་ཕྲན། སྐད་འཕྲིན། གློག་རྡུལ་ལྟ་ཀློག་ལེ་ཚན། ལག་ཐོགས་ཁ་པར་ཚགས་པར། དྲ་རྒྱའི་བརྙན་འཕྲིན་སོགས་ཀྱི་སྨྱན་སྦྱོར་གསར་པ་སྣ་ཚོགས་འཕེལ་རྒྱས་གཏོང་དགོས་པ་དང་། སྤེལ་རེས་ཀྱི་རྣམ་པ་དང་། ཞབས་ཞུའི་རྣམ་པ། ཉམས་ལེན་གྱི་རྣམ་པ་བཅས་ཀྱི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་ཧུར་ཐག་གིས་བསྐྲུན་ཏེ། གསར་འགྱུར་ཁྱབ་སྤེལ་ཕྱོགས་ཡོངས་ལ་ཁྱབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཡོད་པ། ཁྱབ་ཁོངས་མང་པོའི་ནང་རྒྱ་བསྐྱེད་ཡོང་བ་དང་། ཏང་གི་སྐད་སྒྲ་སྤྱོད་སྣེ་སྣ་ཚོགས་ནང་ཐད་ཀར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གླེང་ཕྱོགས་ཀྱི་འཐབ་ས་གསར་པ་ཧུར་ཐག་གིས་བཟུང་དགོས། 

  
style="display:none;"