མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མཐའ་ཚད་ཀྱི་བསམ་གཞིག་
མཐའ་འཁྱོངས་བྱས་ནས་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་ནུས་ལྡན་སེལ་བའི་ཆེད་དོན་བགྲོ་
གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་
གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མཐའ་ཚད་ཀྱི་བསམ་གཞིག་
མཐའ་འཁྱོངས་བྱས་ནས་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་ནུས་ལྡན་སེལ་བའི་ཆེད་དོན་བགྲོ་
གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་
གལ་ཆེན་གནང་བ།

         སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་ནུས་ལྡན་བསལ་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ།         
        འགྱུར་ལྡོག་མང་ལ་ཚོད་དཔག་དཀའ་བའི་རྒྱལ་སྤྱིའི་དུས་བབ་དང་། རྙོག་འཛིང་ཆེ་ལ་ཚོར་སྣང་སྐྱེན་པའི་ཉེ་འཁོར་གྱི་ཁོར་ཡུག དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་བཅས་ཀྱི་མདུན་དུ་ང་ཚོས་ངེས་པར་དུ་ཚད་མཐོའི་དོགས་ཟོན་བྱེད་རྒྱུ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། “ངང་པ་ནག་པོའི”དོན་རྐྱེན་ལ་ཚད་མཐོའི་དོགས་ཟོན་བྱེད་དགོས་ལ“བསེ་རུ་སྐྱ་བོའི”དོན་རྐྱེན་ལའང་དོགས་ཟོན་བྱེད་དགོས་པ་དང་། ཉེན་ཁར་དོགས་ཟོན་བྱེད་པའི་སྔོན་སྤྱོད་བྱ་ཐབས་ཡོད་དགོས་ལ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་སེལ་བའི་ཐབས་མཆོག་ཀྱང་ཡོད་དགོས་པ། ཉེན་ཁར་དོགས་ཟོན་དང་བཀག་འགོག་གི་གྲ་སྒྲིག་དམག་འཐབ་ཡག་པོ་རྒྱག་དགོས་ལ་ཉེན་ཁ་བདེ་འགྱུར་དང་ཉེན་ཁ་གོ་སྐབས་སུ་སྒྱུར་བའི་འཐབ་ཇུས་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས།
         ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་བར་ཞུམ་མེད་ཀྱི་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་དགོས། འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། ན་གཞོན་ལས་བྱེད་པ་འཐབ་རྩོད་ཆེ་རིགས་ནང་དངོས་འབྲེལ་ཞུགས་པ་དང་བྱ་སྤྱོད་སྤེལ་ཐུབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་འཐབ་རྩོད་ལ་ཞུན་བརྡར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ནམ་ཡང་གནས་ཐུབ་པ་བྱེད་པ། “ཀྱག་ཀྱོག་ལམ་ཆེན་བདེ་བར་གཏོད། དཀའ་ངལ་བསལ་ནས་སླར་ཡང་ཐོན”པའི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ཐོག་ནས་ཉེན་ཁ་ཆེ་རིགས་ཀྱི་འགྲན་སློང་ཚང་མར་ཁ་གཏད་ཡག་པོ་བཅག་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ནས་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་ནུས་ལྡན་སེལ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་གཏིང་ཟབ་དང་རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་ལ་འཕྲད་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྲན་སློང་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་གནད་འཁེལ་ཆུད་པ་བྱེད་པ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་ནུས་ལྡན་སེལ་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྲ་བརྟན་ནུས་ལྡན་ཡིན་པ། ཏང་ཡོངས་ཀྱི“འདུ་ཤེས་བཞི”ཟབ་ཏུ་ཕྱིན་པ་དང་། “གདེང་ཚོད་བཞི”ཆེ་རུ་ཕྱིན་པ། “སྲུང་སྐྱོང་གཉིས”ཐུབ་ཤུགས་མངོན་གསལ་དོད་དུ་ཕྱིན་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་རྣམ་པ་སྐྱོན་བྲལ་ཡར་བརྩོན་ཐུབ་པ། དཔལ་འབྱོར་བརྟན་ཐོག་ཡར་བརྩོན་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་པ། 
        རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བློ་སེམས་གཅིག་མཐུན་དང་དཔའ་ངར་ཆེར་སྐྱེད། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཆབ་སྲིད་དང་། འདུ་ཤེས་འཛིན་སྟངས། དཔལ་འབྱོར། ཚན་རྩལ། སྤྱི་ཚོགས། ཕྱིའི་ཁོར་ཡུག ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་བའི་ཐད་དབྱེ་ཞིབ་གཏིང་ཟབ་གནང་བ་དང་སྦྲགས་བླང་བྱ་ཁ་གསལ་བཏོན་གནང་ཞིང་། ཁོང་གིས་འགྱུར་ལྡོག་མང་ལ་ཚོད་དཔག་དཀའ་བའི་རྒྱལ་སྤྱིའི་དུས་བབ་དང་། རྙོག་འཛིང་ཆེ་ལ་ཚོར་བ་སྐྱེན་པའི་ཉེ་འཁོར་གྱི་ཁོར་ཡུག དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་བཅས་ཀྱི་མདུན་དུ་ང་ཚོས་ངེས་པར་དུ་ཚད་མཐོའི་དོགས་ཟོན་བྱེད་རྒྱུ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། “ངང་པ་ནག་པོའི”དོན་རྐྱེན་ལ་ཚད་མཐོའི་དོགས་ཟོན་བྱེད་དགོས་ལ“བསེ་རུ་སྐྱ་བོའི”དོན་རྐྱེན་ལའང་དོགས་ཟོན་བྱེད་དགོས་པ་དང་། ཉེན་ཁར་དོགས་ཟོན་བྱེད་པའི་སྔོན་སྤྱོད་བྱ་ཐབས་ཡོད་དགོས་ལ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་སེལ་བའི་ཐབས་མཆོག་ཀྱང་ཡོད་དགོས་པ། ཉེན་ཁར་དོགས་ཟོན་དང་བཀག་འགོག་གི་གྲ་སྒྲིག་དམག་འཐབ་ཡག་པོ་རྒྱག་དགོས་ལ་ཉེན་ཁ་བདེ་འགྱུར་དང་ཉེན་ཁ་གོ་སྐབས་སུ་སྒྱུར་བའི་འཐབ་ཇུས་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ཁག་དོན་འཁྱོལ་བྱས་ཏེ་རང་རྒྱལ་གྱི་ཆབ་སྲིད་བདེ་འཇགས་འགན་ལེན་བྱེད་དགོས། གཙོ་རྒྱུན་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་གང་མགྱོགས་འཛུགས་པ་བཅས་བྱས་ནས་ཁྲིམས་བཞིན་དྲ་རྒྱ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། གཞོན་ནུའི་མི་རབས་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བསམ་བློ་ཆབ་སྲིད་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བསམ་བློ་ཆབ་སྲིད་ལས་དོན་གྱི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། རྒྱ་ཆེའི་གཞོན་ནུ་ཚོར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་འཇགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞོན་ནུའི་མི་རབས་འདི་ཉིད་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་འགྱུར་བའི་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་ཆ་རྐྱེན་ཚང་མར་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། དཀའ་ངལ་དང་འགྲན་སློང་ཁག་གཅིག་འཕྲད་སྲིད་པ་དང་། དཔལ་འབྱོར་འཁོར་སྐྱོད་ཐད་བརྟན་པོའི་ཁྲོད་འགྱུར་ལྡོག་ཡོད་པ་དང་འགྱུར་ལྡོག་ཁྲོད་སེམས་ཁྲལ་ཡོད་པས་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མ་བྱུང་སྔོན་འགོག་བྱེད་པ། གནད་སྨིན་བརྡར་ཤ་གཅོད་པ་བཅས་བྱས་ནས་དཔལ་འབྱོར་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་ཆེ་རིགས་ལ་ཁ་གཏད་གཅོག་མཁས་པོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྟན་པོ་ངང་འཕར་བ་དང་ཉེན་ཁ་སྔོན་འགོག་གི་འབྲེལ་བ་དོ་སྙོམས་ཡག་པོ་ཡོང་བ་བྱས་ནས་ལས་ཀའི་དལ་ལྷོད་དང་སྤེལ་ཤུགས་ཁོང་དུ་ཆུད་པ་བྱེད་དགོས། ས་ཁང་བདག་ཁོངས་ཐོན་ལས་ཀྱི་ཁྲོམ་ར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཕུགས་ཕན་ལམ་སྲོལ་གྱི་ཇུས་གཞི་བརྟན་པོའི་ངང་ལག་བསྟར་བྱེད་དགོས། ཁྲོམ་རའི་སེམས་ཁམས་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་བཏོན་པ་ལས་དངུལ་རྩའི་ཁྲོམ་རར་ཤུགས་རྐྱེན་ཐེབས་པར་དཔྱད་དཔོག་ཡག་པོ་བྱས་ཏེ་སྔོན་དཔག་ལ་ཁྲིད་སྟོན་མཁས་པོ་བྱེད་དགོས། ཁྲོམ་རར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཚན་རྩལ་ཁྱབ་ཁོངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། མ་ལག་འཛུགས་སྐྱོང་དང་འཇོན་ཐང་ཆེར་གཏོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་བསྐྱར་ཟློས་དང་། ཚན་ཞིབ་སྟོབས་ཤུགས་ཁ་ཐོར། གསར་གཏོད་བྱེད་པོའི་ནུས་པ་གཏན་འཁེལ་གསལ་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱས་ཏེ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས། ཞན་ཆ་གང་མགྱོགས་གསབ་སྟེ་རང་བརྟེན་གསར་གཏོད་ཀྱི་ལམ་ལུགས་དང་ལམ་སྲོལ་གྱི་ལེགས་ཆ་གཏོད་དགོས། གསར་གཏོད་ཁྱབ་ཁོངས་གལ་ཆེན་གྱི་ཐབས་ཇུས་ཀྱི་བརྡར་གཅོད་དང་མ་འོངས་སྔོན་མཐོང་གི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཚོད་ལྟ་ཁང་གི་བཀོད་ཇུས་ལ་དམ་འཛིན་ནན་པོ་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་མ་ལག་བསྐྱར་འཛུགས་བྱེད་པ། གསར་གཏོད་ཀྱི་རྟེན་གཞི་དང་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་འཛུགས་པ། ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་གཏོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཚན་རྩལ་ལས་འགན་གལ་ཆེན་གྱི་སྤྱི་འདོམས་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པར་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། གསོ་རིག་འཕྲོད་བསྟེན། བཟའ་བཅའི་བདེ་འཇགས། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བདེ་འཇགས། སྡོད་ཁང་ཁྲོམ་ར་སྙོམས་སྒྲིག་ཚོད་འཛིན་སོགས་ཕྱོགས་ཁག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་ཕྱོགས་གཉིས་ཀར་དམ་འཛིན་དང་ཐག་གཅོད་མགྱོགས་མྱུར་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། མང་ཚོགས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་རིགས་ཀྱི་གྱོད་གཞིས་ཚོགས་སྤྱིར་གནོད་འཚེ་གཏོང་གི་ཡོད་པས་ཉེས་གསོག་ལ་དོགས་ཟོན་དང་རྡུང་རྡེག་གཏོང་རྒྱུ་དེ་ཉེན་ཁ་སེལ་བ་དང་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བཙོག་དངུལ་དང་མི་སྣ་ཚོད་འཛིན་དང་། རྒྱུ་དངུལ་ཕྱིར་སློག སློབ་གསོ་ཁྲིད་སྟོན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་ནག་འབྲེལ་གཤེད་འབྲེལ་གྱི་གྱོད་གཞི་ཆེ་རིགས་དང་། ནག་གཤེད་ཕྱོགས་གཏོགས་ཀྱི་དཔལ་འབྱོར་གྱི་རྨང་གཞི། རྒྱབ་ཕྱོགས་ཀྱི“འབྲེལ་བའི་དྲ་བ” “སྲུང་གདུཌ”བཅས་ལ་དམ་པོར་དམིགས་ནས་ཐར་པར་གཏན་ནས་མི་གཏོང་བ་དང་རྡུང་རྡེག་དང་སྔོན་འགོག་གལ་ཆེ་མཉམ་འཛིན་དང་རྩ་ལག་མཉམ་བཅོས་ཐད་ཤུགས་རྒྱག་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་མིག་སྔར། འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་དང་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་ཡོ་ལང་གི་འབྱུང་གཞི་དང་ཉེན་ཁའི་གནས་མང་དུ་ཕྱིན་པས་རང་རྒྱལ་གྱི་ཕྱིའི་ཁོར་ཡུག་ཧ་ཅང་རྙོག་འཛིང་དང་ཛ་དྲག་ཏུ་ཕྱིན་ཡོད། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ནས་གཙོ་གནད་ལ་དམིགས་དགོས་ལ་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་ཉེན་ཁ་རྒྱུན་མཐུད་སྣ་ཚོགས་ལ་དོགས་ཟོན་ནུས་ལྡན་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱི་རྒྱལ་དུ་སྐྲུན་བཞིན་པའི་ཀྲུང་གོའི་རྣམ་གྲངས་གལ་ཆེན་དང་མི་སྣའི་ལས་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བདེ་འཇགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ནས་རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཆེད་ཕྱིའི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བས་ཏང་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་གཙང་སེལ་བྱས་ཡོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། ཡིན་ནའང་དེ་ཐོག་ནས་ང་ཚོ་བློ་བདེ་བག་ཕེབས་ངང་སྡོད་ཆོག་པ་མཚོན་གྱི་མེད། ཏང་ལ་འཕྲད་པའི་ཡུན་རིང་སྲིད་སྐྱོང་གི་ཚོད་བགམ་དང་། སྒྱུར་བཅོས་སྒོ་དབྱེའི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ། ཕྱིའི་ཁོར་ཡུག་གི་ཚོད་བགམ་བཅས་ལ་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལྡན་པ་དང་། ཏང་ལ་འཕྲད་པའི་བསམ་བློ་ལྷོད་གཡེང་གི་ཉེན་ཁ་དང་། འཇོན་ཐང་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུས་སུངས་ཀྱི་ཉེན་ཁ་བཅས་ལ་རྣོ་ངར་རང་བཞིན་དང་ཛ་དྲག་རང་བཞིན་ལྡན་ཡོད། འདི་ནི་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་བརྡར་ཤ་ཆེན་པོ་བཅད་པ་ཞིག་རེད། ཏང་ཡོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་མི་དམངས་དང་ཐོག་མཐའ་བར་གསུམ་དུ་འབྲེལ་བ་དམ་ཟབ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་རྒྱུ་ནི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པས་ཚང་མས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཀྱིས་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་བའི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཕེལ་ཕྱོགས་ཆེན་པོར་རྒྱུན་དུ་ལྟ་ཞིབ་དང་སྤྱི་ཡོངས་ལ་རྒྱུན་དུ་བསམ་གཞིག་བྱེད་པ། དུས་བབ་ཀྱི་འཕེལ་ཕྱོགས་དང་དེའི་ནང་གནས་པའི་ཉེན་ཁ་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་སྔོན་མཐོང་བྱེད་པ་བཅས་བྱས་ནས་མ་བྱུང་སྔོན་འགོག་ཐུབ་པ་བྱེད་དགོས། ཉེན་ཁ་སེལ་བའི་ནུས་པ་ཆེ་རུ་བཏང་སྟེ་རྙོག་འཛིང་ཆེ་བའི་སྣང་ཚུལ་བརྒྱུད་ངོ་བོ་སྟངས་འཛིན་བྱེད་པ་དང་། གནད་འགག་ལ་དམ་འཛིན་དང་རྒྱུ་རྐྱེན་གནད་ལ་འཁེལ་བ་འཚོལ་བ། བློ་ཐག་ཆོད་པོས་ཐབས་ཇུས་འདིང་བ། མང་ཚོགས་ཁྲིད་སྟོན་དང་སྒྲིག་འཛུགས་བྱེད་མཁས་པ། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་མཁས་པ། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་དང་ཇུས་འགོད་བྱེད་པ་བཅས་བྱས་ནས་ཐག་གཅོད་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་བར་ཞུམ་མེད་ཀྱི་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་དགོས། འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། ན་གཞོན་ལས་བྱེད་པ་འཐབ་རྩོད་ཆེ་རིགས་ནང་དངོས་འབྲེལ་ཞུགས་པ་དང་བྱ་སྤྱོད་སྤེལ་ཐུབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་འཐབ་རྩོད་ལ་ཞུན་བརྡར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ནམ་ཡང་གནས་ཐུབ་པ་བྱེད་པ། “ཀྱག་ཀྱོག་ལམ་ཆེན་བདེ་བར་གཏོད། དཀའ་ངལ་བསལ་ནས་སླར་ཡང་ཐོན”པའི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ཐོག་ནས་ཉེན་ཁ་ཆེ་རིགས་ཀྱི་འགྲན་སློང་ཚང་མར་ཁ་གཏད་ཡག་པོ་བཅག་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"