མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ།《དམག་དཔུང་དང་
དམག་དོན་ལས་རིགས་སློབ་གསོའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་23ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ《དམག་དཔུང་དང་དམག་དོན་ལས་རིགས་སློབ་གསོའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   《སྲོལ་ཡིག》ནང་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་གྱི་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱ་རྒྱུར་དམིགས་པ། དུས་རྟག་ཏུ་སློབ་སྦྱོང་དང་། གང་སར་སློབ་སྦྱོང་། ཚང་མས་སློབ་སྦྱོང་། ཚེ་གང་སློབ་སྦྱོང་བཅས་ཀྱི་རྣམ་པ་ཆགས་རྒྱུར་དམིགས་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། འགན་འཁྲི་དང་ལས་འགན་དང་། ལས་ཐོག་འགན་སྒྲུབ། ལས་རིགས་འཕེལ་རྒྱས་བཅས་ལ་དམ་པོར་བསྟུན་རྒྱུ་མཐའ་འཁྱོངས། དྲ་མིག་ཅན་དང་། སྒོ་དབྱེ་ཅན། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམག་དོན་ལས་རིགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་ཆེན་ཐོག་ནས་དམག་དོན་ལས་རིགས་སློབ་གསོའི་ལམ་ལུགས་ལམ་སྲོལ་འཛུགས་པ་བཅས་བྱས་པས། དམག་དོན་ལས་རིགས་སློབ་གསོ་འཛུགས་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམག་དོན་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་གསར་པ་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
   《སྲོལ་ཡིག》དེར་ཁྱོན་ལེའུ་8དང་དོན་ཚན་43ཡོད་པ་དང་། དམག་དོན་ལས་རིགས་སློབ་གསོའི་ཁ་གཏད་ཁྱབ་ཁོངས་དང་། རྩ་འཛུགས་ཀྱི་རྣམ་པ། དུས་རབས་ཀྱི་བླང་བྱ་སོགས་གཞི་རྩའི་ནང་དོན་གཏན་འཁེལ་བྱས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་དམག་དོན་ལས་རིགས་སློབ་གསོའི་འགོ་ཁྲིད་དོ་དམ་མ་ལག་བཙུགས་ཏེ། སློབ་གསོའི་ལས་འགན་དང་། སློབ་སྦྱོང་དོ་དམ། འདེགས་སྐྱོར་འགན་ལེན། སྐུལ་ལྕག་དང་ལྟ་སྐུལ་སོགས་ཀྱི་མ་ལག་ཚད་ལྡན་བཟོས་པས། དཔོན་དམག་གི་སློབ་སྦྱོང་སེམས་ཤུགས་འཕེལ་རྒྱུ་དང་ལས་དོན་དོ་དམ་འཁོར་སྐྱོད་ཚད་ལྡན་དུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།

  
style="display:none;"