མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཤིང་པ་ཁེ་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧོ་ཧྭ་ཏེ·ཧྲུར་ཚེ་
ལ་འཕྲིན་ལན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་16ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཤིང་པ་ཁེ་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧོ་ཧྭ་ཏེ·ཧྲུར་ཚེ་ལ་འཕྲིན་ལན་སྤྲིངས་ནས། ཁོང་དང་ཤིང་པ་ཁེ་ཀུང་སིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུར་སྐུལ་ལྕག་གནང་བ་རེད།
   ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་དུང་ཕྱུར་14ཡིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་དུས་ཡུན་རིང་པོ་དཀའ་སྤྱད་འབད་འཐབ་བྱས་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་ནས། ཤིང་པ་ཁེ་སོགས་ཨ་རིའི་ཁེ་ལས་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་འཕེལ་རྒྱས་གཏོང་བར་དེ་བས་རྒྱ་ཆེ་བའི་བར་མཐོངས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་པ་དང་། ཤིང་པ་ཁེ་ཀུང་སིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    དེ་གོང་ཧྲུར་ཚེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཁོང་གིས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་རིག་གནས་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད།

  
style="display:none;"