མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་བདམས་ཐོན་བྱུང་ནས་ལས་འགན་བསྟུད་འཛིན་ཐུབ་མཁན་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་
ཏེ་སུའོ་སཱ་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་29ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་སའེ་ལུའོ·ཏེ་སུའོ་སཱར་གློག་འཕྲིན་བཏང་ནས་ཁོང་ཕོར་ཐིའུ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་ནས་ལས་འགན་བསྟུད་འཛིན་ཐུབ་པར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ན་ནིང་ནས་བཟུང་། ཀྲུང་ཕོར་འབྲེལ་བར་རིམས་ནད་ཀྱི་ཉམས་སད་ཐེག་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་ཐད་གསོན་ཤུགས་གསར་པ་མངོན་པ་དང་། རིམས་འགོག་འཕྲོད་བསྟེན་མཉམ་ལས་ཐད་གོམ་པ་གསར་པ་སྤོས་པ། དངོས་སྒྲུབ་མཉམ་ལས་ཐད་མུ་མཐུད་འཕེལ་རིམ་གསར་པ་ཐོན་ཡོད། ངས་ཀྲུང་ཕོར་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཏེ་སུའོ་སཱ་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་ཕོར་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"