མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ལ་རྟེན་
འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་05ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས་ངས་ན་ནིང་ཟླ་11པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་གཉེར་དགོས་པའི་གྲོས་འགོ་བཏོན་པར་ཁོངས་མིའི་རྒྱལ་ཁབ་ཁག་གི་ཚུར་སྣང་ལན་ཆ་ཆེན་པོ་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་བྱུང་། གླེང་སྟེགས་དེ་ཕྱོགས་ཁག་དབར་ཤེས་རྟོགས་སྔར་བས་ཐུབ་པ་དང་། མཐུན་སྒྲིལ་ཇེ་ཟབ་ཏུ་འགྲོ་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལས་སྟེགས་གལ་ཆེན་དུ་འགྱུར་བའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་ཕྱོགས་ཁག་གིས“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་དང་། ཐོག་མའི་བསམ་འདུན་བརྟན་སྲུང་། ཕྱར་བ་གྲུ་འདེགས། ལྟ་རེས་སྐྱོང་རེས། མཉམ་ལས་གཏིང་ཟབ་བཅས་བྱ་རྒྱུ་དང་། དམངས་ཁྲོད་ཀྱི་ཕྱི་འབྲེལ་ལེགས་ཆ་འདོན་སྤེལ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བསམ་བློ་སྤེལ་རེས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་མཉམ་ལས་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཉིན་དེར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འགོ་བཙུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“དམངས་ཁྲོད་ཀྱི་མཛའ་མཐུན་ཇེ་ཟབ་ཏུ་བཏང་ནས‘ཧྲང་ཧའེ་ཡི་སྙིང་སྟོབས’རྒྱུན་འཛིན་བྱེད”ཅེས་པ་ཡིན།

  
style="display:none;"