མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་14ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཚེས་12ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

ཚེས་12ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

     ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་བཏོད་ནས་མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་འཛུགས་དགོས་པའི་ནན་བཤད་གནང་བ།
     ■ སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལ་སྐྱེ་སྟོབས་ལྡན་པར་གྱུར་ཡོད་ལ། དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བ་བྱེད་པའི་རྨང་གཞི་ཡང་རེད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དེས་སའི་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་དང་། མིའི་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འབྱུང་འགྱུར་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་དམིགས་འབེན་བཟོས་པ་དང་འགྲོ་ལམ་གསལ་སྟོན་བྱས་ཡོད་པས་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་བརྒྱབ་ནས་སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས།
     ■ མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་དགོས། ང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་རང་བྱུང་གི་རྒྱུ་ནོར་རེད་ལ། དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་གཉིས་ཀ་དང་འབྲེལ་བ་ཡོད། ང་ཚོས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་འགྲུབ་པར་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ཀྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། དཔལ་འབྱོར་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ལྕི་པོ་གཉིས་ཀྱི་མདུན་དུ། ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་དུས་ངལ་མཉམ་སེལ་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྐྱེ་ཁམས་བཟང་པོས་དེ་བས་དྲང་གཞག་གི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཀྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས།
     ■ ང་ཚོ་འགྲན་སློང་ཆེ་ཞིང་རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད། ང་ཚོའི་ཐུན་མོང་གི་འབྱུང་འགྱུར་ཆེད་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས། གཅིག་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། གཉིས་ནས། ལྗང་མདོག་ཕྱོགས་སྒྱུར་སྒུལ་ཤུགས་སུ་བྱས་ཏེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། གསུམ་ནས། མི་དམངས་ཀྱི་བདེ་རྩ་ལྟེ་བར་བཟུང་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ཏེ་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྲུང་སྐྱོང་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལ་སྐྱེ་སྟོབས་ལྡན་པར་གྱུར་ཡོད་ལ། དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བ་བྱེད་པའི་རྨང་གཞི་ཡང་རེད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དེས་སའི་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་དང་། མིའི་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཁུན་མིང་དུ་འཚོགས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འབྱུང་འགྱུར་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་དམིགས་འབེན་བཟོས་པ་དང་འགྲོ་ལམ་གསལ་སྟོན་བྱས་ཡོད་པས་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་བརྒྱབ་ནས་སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་དགོས། ང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་རང་བྱུང་གི་རྒྱུ་ནོར་རེད་ལ། དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་གཉིས་ཀ་དང་འབྲེལ་བ་ཡོད། ང་ཚོས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་འགྲུབ་པར་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ཀྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། དཔལ་འབྱོར་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ལྕི་པོ་གཉིས་ཀྱི་མདུན་དུ། ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་དུས་ངལ་མཉམ་སེལ་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྐྱེ་ཁམས་བཟང་པོས་དེ་བས་དྲང་གཞག་གི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཀྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ང་ཚོ་འགྲན་སློང་ཆེ་ཞིང་རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད། ང་ཚོའི་ཐུན་མོང་གི་འབྱུང་འགྱུར་ཆེད་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས།
     གཅིག་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། བཟོ་ལས་ཤེས་དཔལ་ལས་ཐོན་པའི་འགལ་ཟླ་ཐག་གཅོད་ཡག་པོ་བྱས་ནས། མིའི་རིགས་ཀྱི་འགུལ་སྐྱོད་དེ་སྐྱེ་ཁམས་ཁོར་ཡུག་གིས་ཐེག་ཐུབ་པའི་ཚད་གཞིའི་ནང་ཚོད་འཛིན་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་དགོས།
     གཉིས་ནས། ལྗང་མདོག་ཕྱོགས་སྒྱུར་སྒུལ་ཤུགས་སུ་བྱས་ཏེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་མ་ལག་བཙུགས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བྱས་ཏེ། རི་སྔོན་ཆུ་དྭངས་ལས་ཕན་འབྲས་ཆེན་པོ་ཐོན་པ་བྱེད་དགོས། ལྗང་མདོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་དགོས།
     གསུམ་ནས། མི་དམངས་ཀྱི་བདེ་རྩ་ལྟེ་བར་བཟུང་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དམངས་ཚོགས་ཀྱི་རེ་འདོད་ལ་བསམ་བློ་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། ལས་ཞུགས་གསར་གཏོད། དབུལ་ཕོངས་སེལ་བ་སོགས་ཕྱོགས་མང་པོར་གྲུབ་འབྲས་ཐོབ་པ་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས།
     བཞི་ནས། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ཏེ་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྲུང་སྐྱོང་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་དང་དེ་ཉིད་ལག་ལེན་ནུས་ལྡན་བསྟར་དགོས། ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་གསར་པ་འཛུགས་པར་བློ་སྟོབས་དང་དངོས་སྒྲུབ་དོ་སྙོམས་ཡོང་བར་མཉམ་དུ་ལྟ་རྟོག་བྱས་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་སྔོན་ལ་མི་དམངས་ཤོག་སྒོར་དུང་ཕྱུར་15བཏང་ནས། ཁུན་མིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་བཙུགས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་འབྲེལ་ཡོད་ཕྱོགས་ཁག་ལ་ཐེབས་རྩ་དེའི་ནང་མ་དངུལ་གཏོང་རྒྱུའི་འབོད་སྐུལ་བྱ་རྒྱུ་དང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་མགྱོགས་སུ་བཏང་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་གལ་ཆེ་ཤོས་དང་། རང་བྱུང་མཛེས་ལྗོངས་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་གི་སྙིང་བཅུད་ཆེ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་ས་ཁོངས་དེ་དག་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་ནང་འཇུག་བཞིན་ཡོད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་གཙོ་བོའི་ཐཱན་ཚད་མཐོ་ཤོས་ཀྱི་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་འགན་ལེན་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས། ཐཱན་ཚད་མཐོ་ཤོས་དང་། ཐཱན་ཚད་སྙོམས་སྦྱོར། “1+N”སྲིད་ཇུས་མ་ལག་བཅས་བཙུགས་ཡོད། ཀྲུང་གོས་ཐོན་ལས་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སླར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་སུ་རླུང་གློག་གི་འོད་ཤུགས་རྟེན་གཞིའི་རྣམ་གྲངས་ཆེ་གྲས་འཆར་འགོད་དང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     མཇུག་ཏུ། ཞི་ཅིན་ཕིང་གིས་སྔོ་ལྗང་རི་ཀླུང་མི་ཡིས་ལེགས་བསྐྱངས་ན། དེ་ཡིས་མི་ལ་དྲིན་ལན་གསོ་བར་ངེས། སྐྱེ་ཁམས་ཤེས་དཔལ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན། ང་ཚོས་ལག་གདང་སྦྲེལ་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཕ་ཚ་བུ་རྒྱུད་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་གཏོད་དང་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་དེ་ཟླ་10ཚེས་12ཉིན་ཁུན་མིང་དུ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་། ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨའར་ཝ་ལ་ཏུའོ། ཅེར་ཅི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་མ་ལ་ཕེ། དབྱིན་ཇིའི་རྒྱལ་རྒྱུད་འཛིན་མཁན་ཁྲའར་སི་སོགས་བརྙན་ལམ་བརྒྱུད་དབུ་ཚོགས་ལ་ཞུགས་ཡོད་པ་རེད།

  
style="display:none;"