མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་
ཚོགས་འདུ་ཐེངས་ཉེར་བརྒྱད་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་14ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་11ཚེས་12ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་བརྒྱད་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་11ཚེས་12ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་བརྒྱད་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

     ■ འདི་ལོ་ནི་ཀྲུང་གོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་ཞུགས་ནས་ལོ་ངོ་30འཁོར་བའི་ལོ་རེད། ལོ་30ཡི་རིང་ནི་ཀྲུང་གོས་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་བའི་ལོ་30རེད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བའི་ལོ་30ཡང་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་དུ་གྱུར་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ས་ཁུལ་མི་དམངས་ཀྱི་བདེ་སྐྱིད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ང་ཚོས་2040ལོར་པུ་ཐེ་ལཱ་ཅ་ཡའི་ཕུགས་འདུན་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་སྒོ་དབྱེ་ཁོང་ཡངས་དང་། གསར་གཏོད་འཕེལ་རྒྱས། མཉམ་སྦྲེལ་མཉམ་མཐུད། གཉིས་ཁེ་མཉམ་ལས་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས། གཅིག རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་དགོས། གཉིས། སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། གསུམ། གསར་གཏོད་འཕར་སྣོན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི། ཁོང་ཡངས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་12ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བརྒྱད་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་ཞུགས་ནས་ལོ་30འཁོར་བའི་ལོ་རེད། ལོ་30ཡི་རིང་ནི་ཀྲུང་གོས་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བའི་ལོ་30རེད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བའི་ལོ་30ཡང་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་དུ་གྱུར་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ས་ཁུལ་མི་དམངས་ཀྱི་བདེ་སྐྱིད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ང་ཚོས་2040ལོར་པུ་ཐེ་ལཱ་ཅ་ཡའི་ཕུགས་འདུན་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་སྒོ་དབྱེ་ཁོང་ཡངས་དང་། གསར་གཏོད་འཕེལ་རྒྱས། མཉམ་སྦྲེལ་མཉམ་མཐུད། གཉིས་ཁེ་མཉམ་ལས་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་གསུངས་པ་རེད།
     གཅིག རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་དགོས། སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་འཕར་བ་སླར་གསོ་བྱེད་པ་ནི་མིག་སྔའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁོངས་མི་ཁག་གི་ལས་འགན་གལ་ཆེ་ཤོས་ཤིག་རེད། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་། རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། དྲང་གཞག་གི་བགོ་འགྲེམས་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱེད་པའི་ཁྱབ་བསྒྲགས་བྱས་པ་དང་། ད་བར་རིམས་འགོག་སྨན་ཁབ་དུང་ཕྱུར་17ལྷག་ཙམ་མཁོ་འདོན་བྱས་ཡོད། མི་རིང་བའི་གོང་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་མཉམ་ལས་བྱ་སྤྱོད་ཀྱི་གྲོས་འགོ་བཏོན་ནས་འབྱུང་འགྱུར་ལོ་གསུམ་རིང་ཨ་སྒོར་དུང་ཕྱུར་30བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོར་སྤྱོད་པ་ཁ་གསལ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་འགག་རྩའི་དངོས་ཟོག་འཁོར་རྒྱུག་དང་མི་སྣ་བདེ་འཇགས་ངང་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་གྲོས་འགོར་དགའ་བསུ་ཞུ་རྒྱུ་མ་ཟད། “རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོའི”ཡན་ལག་ཐེབས་རྩར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན།
     གཉིས། སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། སྒོ་དབྱེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མཉམ་ལས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། སྒོ་དབྱེའི་ས་ཁུལ་རིང་ལུགས་མཐའ་འཁྱོངས་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རང་མོས་ཚོང་དོན་ཁུལ་སྔ་ཙམ་སྐྲུན་དགོས། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལང་བ་དང་། ཁོང་ཡངས་བྱེད་པ་ལས་གཞན་མཐའ་ལ་མི་འབུད་པ། མཉམ་འདྲེས་བྱེད་པ་ལས་འབྲེལ་བ་མི་ཆད་པ་བཅས་མཐའ་འཁྱོངས་བྱས་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན》དུས་སང་དུས་བཀག་ལྟར་ནུས་པ་ཐོན་པའི་རེ་སྒུག་བྱེད་ཀྱི་ཡོད་ལ། 《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེ་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་ཆོད་དོན》ལ་ཞུགས་པའི་རེ་འདུན་ཞུས།
     གསུམ། གསར་གཏོད་འཕར་སྣོན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསར་གཏོད་ནི་འཛམ་གླིང་གི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི《དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་གྱི་ལམ་ཕྱོགས་དཔེ་རིས》ཕྱོགས་ཡོངས་ནས་དོ་སྙོམས་ངང་དོན་འཁྱོལ་བྱས་ཏེ། གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཆེད། སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་གཏོད་དགོས། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གྲངས་འཛིན་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ། “གྲངས་འཛིན་གྱི་འགལ་རྐྱེན”སེལ་གང་ཐུབ་བཅས་བྱས་ནས། གྲངས་འཛིན་དཔལ་འབྱོར་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་གྲངས་འཛིན་དུས་རབས་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་ནས། གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ།《གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན》ལ་ཞུགས་པའི་རེ་འདུན་ཞུས་ཡོད།
     བཞི། ཁོང་ཡངས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྗང་མདོག་ཐཱན་ཉུང་གི་ནུས་རྒྱུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། འབྲེལ་ཡོད་རྒྱལ་ཁབ་ཁག་དང་མཉམ་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱེད་འདོད་ཡོད། ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་མཉམ་དང་། མཐུན་སྦྱོར། ཁོང་ཡངས་བཅས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་གཏོང་ཆེད་ཡིན་པ་དང་། དེར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དཔལ་འབྱོར་ལག་རྩལ་མཉམ་ལས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས། གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་རྒྱལ་ཁབ་ལ་ཕན་པ་འཐོབ་པའི་འགན་ལེན་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་རེད། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་པའི་དམིགས་ཚད་ཡིན། མིག་སྔར་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁོངས་མི་ཁག་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡིན།
     མཇུག་ཏུ་ཞི་ཅིན་ཕིང་གིས། ནེའུ་ཙི་ལན་ལ“གྲུབ་འབྲས་ནི་མི་སྒེར་ལ་བརྟེན་ནས་ཐོབ་པ་ཞིག་གཏན་ནས་མིན་པར། དེ་ནི་མཉམ་སྡེབ་ལ་བརྟེན་ནས་ཐོབ་པ་རེད”ཅེས་པའི་གཏམ་དཔེ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁོངས་མི་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ནས། མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཚོགས་འདུ་དེ་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་གྱིས་གཙོ་སྐྱོང་གནང་བ་དང་། བརྗོད་དོན་གཙོ་བོ་ནི“རིམས་ནད་ཐོན་རྗེས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མི་དམངས་དང་ཕ་ཚ་བུ་རྒྱུད་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱེད་དགོས”ཞེས་པ་འདི་རེད། ཚོགས་འདུའི་ཐོག《2040ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཐེ་ལཱ་ཅ་ཡའི་འདོད་འདུན》དོན་འཁྱོལ་གྱི་འཆར་གཞིར་གྲོས་འཆམ་བྱུང་བ་དང་། 《2021ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ》སྤེལ་བ་རེད།

  
style="display:none;"