མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་
ཀྲུང་དབྱང་གི་གྲོས་ཆོད་ལ་བསམ་འཆར་བསྡུ་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་14ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

          ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་ལ་བསམ་འཆར་བསྡུ་ལེན་བྱས་པ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ།
     ■ རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མུ་མཐུད་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར། རང་རེའི་ཏང་གིས་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྤྱི་ཡོངས་ལ་སྟངས་འཛིན། རྣམ་པ་གསར་པ་བཏོད་པ་བཅས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་རང་རྒྱལ་གྱི་གསར་བརྗེའི་ལམ་བུ་དང་། འཛུགས་སྐྲུན་གྱི་ལམ་བུ། སྒྱུར་བཅོས་ཀྱི་ལམ་བུ་བཅས་འཚོལ་ཞིབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་རང་ངོས་གསར་བརྗེའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བཅས་བྱས་ཏེ། ཏང་ཡོངས་སུ་བསམ་པའི་ཉམས་འགྱུར་གསར་པ་དང་། སྔར་འབྱུང་མྱོང་མེད་པའི་མཐུན་སྒྲིལ་གཅིག་གྱུར། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་བཅས་ཆགས་རྒྱུར་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མུ་མཐུད་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྤྱི་ཡོངས་ལ་སྟངས་འཛིན། རྣམ་པ་གསར་པ་བཏོད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་རང་རྒྱལ་གྱི་གསར་བརྗེའི་ལམ་བུ་དང་། འཛུགས་སྐྲུན་གྱི་ལམ་བུ། སྒྱུར་བཅོས་ཀྱི་ལམ་བུ་བཅས་འཚོལ་ཞིབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། རང་རེའི་ཏང་ལ་ལོ་བརྒྱའི་བརྒྱུད་རིམ་དུ་ཐོབ་པའི་རང་ངོས་གསར་བརྗེའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བཅས་བྱས་ཏེ། ཏང་ཡོངས་སུ་བསམ་པའི་ཉམས་འགྱུར་གསར་པ་དང་། སྔར་འབྱུང་མྱོང་མེད་པའི་མཐུན་སྒྲིལ་གཅིག་གྱུར། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་བཅས་ཆགས་རྒྱུར་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དབང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀྲོའུ་ཀོང་ཆོན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད། ཁོང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་མ་ཟིན་ལ་རྦད་དེ་མོས་མཐུན་ཡོད་ཅེས་བརྗོད་པ་མ་ཟད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་བྱེད་མཁས་པ་དང་ལོ་རྒྱུས་རང་འགུལ་གྱི་ཆབ་སྲིད་ཀྱི་རང་རྟོགས་ལ་སྟངས་འཛིན་བྱེད་མཁས་པ་གང་ལེགས་མཚོན་པ་དང་། ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་བློ་སྟོབས་བརྟན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མངོན་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་གཏིང་ཟབ་ཡུན་རིང་གི་ལོ་རྒྱུས་དོན་སྙིང་ལྡན་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
     གཏམ་བཤད་སྤེལ་རིང་། ད་དུང་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་གྲུབ་འབྲས་རླབས་པོ་ཆེ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཏམ་རྒྱུད་དང་། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་གཏམ་རྒྱུད། ཀྲུང་གོ་གུང་ཁྲན་ཏང་གིས་བཏོད་པའི་ཀྲུང་གོའི་ལུགས་ཀྱི་དམངས་གཙོའི་གཏམ་རྒྱུད་བཅས་ཡག་པོ་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་དང་། གྲོང་གསེབ་ཀྱི་ལས་དོན་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གྱི་ལེགས་ཆ་འདོན་སྤེལ་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་བཅས་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་སྙིང་སྟོབས་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་མུ་མཐུད་དར་སྤེལ་ཤུགས་ཆེན་གཏོང་བ། ཕྱིར་སྡོད་སྤུན་ཟླའི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་པར་སྣང་ཆེན་བྱས་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་བྱས་ནས་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་མོས་སེམས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་ལེགས་ཆ་སྔར་བས་བཏོན་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོས་ཆོད་ཀྱི་སློབ་སྦྱོང་དང་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
     ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་བཟོ་བའི་བསམ་གཞིག་དང་ཡིག་ཆའི་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་རེད། དེང་གི་འཛམ་གླིང་ལ་ལོ་བརྒྱར་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་དུ་གཏོང་བ། འབྱུང་འགྱུར་གསར་གཏོད། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་། ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཀྲུང་གུང་ཀྲུང་དབྱང་གིས་ཆེད་མངགས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་སྤྱད་དེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པའི་གཏན་འབེབས་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཟླ་4པར་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་ཆེད་མངགས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་དོན་སྐོར་གྱི་ཚང་མའི་བསམ་འཆར་བསྡུ་ལེན་བྱེད་དགོས་པའི་མངགས་བཅོལ་བྱས་ཡོད། བློ་མཐུན་ཚོས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ནས་གྲོས་ཆོད་ཀྱི་འཆར་ཟིན་འགོད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ད་གིན་ཚང་མས་སླར་ཡང་གཏམ་བཤད་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ལ་བསམ་འཆར་བཏོན་པས། ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་ཀྱི་ཡིན། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

     ཞི་ཅིན་ཕིང་གིས། ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ། སྐུལ་སློང་ཐུབ་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སློང་། འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་འདོན་སྤེལ། “ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། གཟི་ཁྲེལ་མཉམ་གནས”བཅས་ཀྱི་ཏང་མང་མཉམ་ལས་ཀྱི་བྱེད་ཕྱོགས་རིམ་བཞིན་གཏན་འཁེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་དང་སྲིད་ཏང་ལམ་ལུགས་གསར་པ་འཕེལ་རྒྱས་བཏང་ཡོད། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ལམ་བུ་མཐའ་འཁྱོངས་བྱེད་པའི་ཐད་ནུས་པ་ཧུར་ཐག་བཏོན་པ་དང་ཟམ་མི་ཆད་པར་འཕེལ་རྒྱས་ཡར་ཐོན་ཡོང་བར་འགོ་ཁྲིད་དང་རོགས་རམ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ནང་དུ་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་དབར་གཅིག་སེམས་གཅིག་གཏད་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བློ་སེམས་གཅིག་མཐུན་གྱི་འབད་འཐབ་ལོ་རྒྱུས་ཚུད་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། དམངས་གཙོའི་ཏང་ཤོག་ཁག་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་རིགས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་། ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་གཟི་ཁྲེལ་མཉམ་གནས་བྱས་ཡོད། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་དམ་ཟབ་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། སྤྱི་ཡོངས་ཀྱི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ་བཅས་མཐའ་འཁྱོངས་ཡང་དག་བྱས་ཏེ། ཏང་མང་མཉམ་ལས་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"