མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྐད་ཡིག་
པར་གཞི་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་19ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྐད་ཡིག་པར་གཞི་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་དབྱིན་ཏིའི་ཡི་གེ་དང་། ཧྥུའུ་ཧྲེ་ཐུའི་ཡི་གེ ཏ་ལིའི་ཡི་གེ སེང་ཅ་ལོའི་ཡི་གེ ཨུ་ཟ་བྷེ་ཁིའི་ཡི་གེ་བཅས་དང་། དེབ་གཉིས་པའི་ཨུ་ཟ་བྷེ་ཁིའི་ཡི་གེ་དང《ཀྲི་ཅང་གཏམ་གསར》 《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ》ཨུ་རུ་སུའི་སྐད་ཡིག་པར་གཞི་སོགས་གསུང་རྩོམ་གསར་པ་རིགས་8འོས་སྦྱོར་ཚོགས་འདུའི་ཐོག་འགྲེམས་སྤེལ་ཐེངས་དང་པོ་བྱས་པ་རེད།
   ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཞུས་ལིན་གྱིས་ཤིས་ཚིག་སྒྲོན་སྐབས། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ་དང་ཏག་ཏག་འཁེལ་བས། དུས་ཚོད་ཧ་ཅང་དམིགས་བསལ་ཆེ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ཡོད། ལོ་བརྒྱའི་འབད་འཐབ་ཀྱི་འགག་རྩ་ཏང་ལ་ཐུག་པ་དང་། ཏང་གི་སྟོབས་ཤུགས་ཀྱི་འགག་རྩ་སྲོག་ཤིང་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་། ཀྲུང་གོ་མི་དམངས་ཀྱིས་སྙིང་དབུས་ནས་གོང་བཀུར་ཞུ་བའི་གཙོ་འཛིན་བཅས་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སོགས་ཀྱི་གསུང་རྩོམ་གལ་ཆེན་ནི་ཀྲུང་གོ་མི་དམངས་ཀྱིས་བརྩི་མཐོང་ཧ་ཅང་ཆེན་པོ་བྱེད་པའི་བསམ་བློའི་ནོར་མཛོད་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཐོག་མའི་གྲུབ་ཚུལ་དང་། ལག་ལེན་གྱི་འབྱུང་ཁུངས། འཕེལ་རྒྱས་ཀྱི་གོ་རིམ། ནང་དོན་གཙོ་བོ་བཅས་གཅིག་སྡུད་ཐོག་མངོན་ཡོད་པ་དང་། དེའི་ནང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་དང་མི་དམངས་ལ་བཅངས་པའི་བབ་ཆགས་པའི་བརྩེ་སེམས་འདུས་ཡོད་པས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོ་གུང་ཁྲན་ཏང་གིས་རང་ངོས་འཛུགས་སྐྱོང་གི་ཆོས་ཉིད་དང་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཐུབ་ཤུགས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་ལ་ཁེ་ཕན་དོན་གཉེར་བྱེད་པ་དང་། ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་པའི་སྒོ་དབྱེའི་བློ་རྒྱ་མངོན་པར་བྱས་ཡོད། གསུང་རྩོམ་དེ་དག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་ཤེས་ཚོར་དང་། དུས་རབས་གསར་པའི་ཀྲུང་གོར“བསམ་བློའི་སྐར་ཁུང”གལ་ཆེན་ཞིག་ཕྱེ་བ་ཤེས་ཚོར་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཧྥུའུ་ལ་ཅི་སྨིར·དབྱི་མ་མོ་ཝུའེ་ཆི·ནུ་ལོ་ཧྥུའུ་སོགས་ཕྱི་ཕྱོགས་སྐུ་མགྲོན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཕྱི་ནང་སྲིད་ཇུས་རྒྱས་བཤད་གནང་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་དང་འཐབ་ཇུས་གང་ལེགས་མཚོན་ཡོད། འདི་ནི་དེང་རབས་ཀྲུང་གོ་གསལ་རྟོགས་བྱེད་པའི“ལྡེ་མིག”ལྟ་བུ་རེད། དེའི་ཁྲོད་ནས་ཀྲུང་གོ་དེ་བས་ཡག་པ་ཤེས་ཚོར་དང་། ཀྲུང་གོའི་འགོ་ཁྲིད་པའི་རྒྱལ་སྲིད་སྐྱོང་ལུགས་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་འགོད་ཤེས་རྟོགས། ཀྲུང་གོའི་མཚན་ཉིད་རིག་པ་དང་རིག་གནས་དང་ལོ་རྒྱུས་རྟོགས་པ་དང་འབྲེལ། ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱེད་པར་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
    འོས་སྦྱོར་ཚོགས་འདུ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའུ་དང་། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཡོ་རོབ་དབུས་ཤར་དང་ཨེ་ཤེ་ཡ་དབུས་ལྷོའི་ཁྱབ་སྤེལ་ལྟེ་གནས(མི་དམངས་བརྙན་པར་ཁང)བཅས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད། ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤེ་ཡ་ལས་དོན་གྱི་དམིགས་བསལ་འཐུས་མི་ལི་ཧུའེ་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་ཏུའུ་ཀྲན་ཡོན། ཨུ་རུ་སུ་དང་། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། སི་རི་ལན་ཁ་སོགས་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་བྱེད་སྒོར་ཞུགས་ཡོད་པ་རེད།
    བྱེད་སྒོ་སྤེལ་རིང་། ཀྲུང་ཕྱིའི་སྐུ་མགྲོན་གྱིས་ཐུན་མོང་ཐོག་འགྲེམས་སྤེལ་ཐེངས་དང་པོ་བྱས་པའི་གསུང་རྩོམ་གསར་པའི་ཡོལ་བ་ཕྱེ་བ་རེད། ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་གསུང་རྩོམ་གསར་པ་སྤྲད་པ་རེད།

  
style="display:none;"