མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་17ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན། དཔེ་སྐྲུན་བྱས་པའི་འདོན་ཐེངས་14པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
     གསུང་རྩོམ་ནང་ནན་བཤད་གནང་དོན། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱ་ཆེ་ཞིང་གཏིང་ཟབ་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་དང་། དེང་རབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི། འཛམ་གླིང་ཡོངས་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་བསམ་པའི་འབྲེལ་ཐག་བཅས་ཡིན་ལ། ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་རིན་ཆེན་གཏེར་མཛོད་ལྟ་བུའང་ཡིན།
    ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱིས་འབད་བརྩོན་ལྷོད་མེད་ཀྱི་ཆོད་སེམས་དང་སྙིང་སྟོབས་ལ་བརྟེན་ནས། དཀའ་སྤྱད་ལས་སྒྲུབ་དང་རི་ཀླུང་བརྒལ་ནས་འཛམ་གླིང་གི་ཤེས་དཔལ་གཞན་དག་དང་མི་འདྲ་བའི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་མྱོང་ཡོད། ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་གྱི་འཕེལ་རྒྱས་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱས་ནས་ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཐོག བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་དགོས།
    གསུང་རྩོམ་ནང་བསྟན་དོན། ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་ཆོས་དང་རྣམ་པར་ཞིབ་འཇུག་གཏིང་ཟབ་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་དགོས། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོའི་ནང་ཀྲུང་གོ་མི་དམངས་ཀྱིས་མིག་དབང་རབ་ཏུ་འཕྲོག་པའི་ཀྲུང་ཧྭའི་ཤེས་དཔལ་གསར་གཏོད་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ཀྲུང་གོ་འདི་ཉིད་ནུབ་ཕྱོགས་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཁྲོད་ཀྱི་ཉེ་རབས་དང་དེང་རབས་ཀྱི་མི་རིགས་རྒྱལ་ཁབ་ཅིག་ཏུ་བརྩི་རྒྱུར་གོམས་ཏེ་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ཀྱི་ངོས་ནས་ཀྲུང་གོར་བལྟས་མེད། དེ་ལྟར་བྱས་ཚེ་ཀྲུང་གོའི་འདས་པ་དང་། ད་ལྟ། འབྱུང་འགྱུར་བཅས་ལ་གོ་བ་ཡང་དག་ཅིག་ལེན་ཐབས་བྲལ། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་ཞིབ་འཇུག་བྱ་རྒྱུ་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་ཆོས་དང་རྣམ་པ་སོགས་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་ལས་མངོན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འཕེལ་རྒྱས་ལམ་ཕྱོགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་རིམ་འགྱུར་གྱི་བཀོད་པར་ཞིབ་འཇུག་དང་གསལ་འགྲེལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱིས་བྱམས་སེམས་དང་། དམངས་ཀྱི་རྩ་བར་མཐོང་ཆེན། ཁ་དན་ཚིག་གནས། དྲང་བདེན་གོང་བཀུར། མཐུན་འགྱུར་གཙིགས་ཆེར་འཛིན། སྤྱི་མཐུན་དོན་གཉེར་བཅས་ཀྱི་བསམ་པའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་རྣམ་པར་ཞིབ་འཇུག་དང་གསལ་འགྲེལ་བྱས་ཏེ་ཀྲུང་གོའི་འགྲོ་ལམ་གྱི་རིག་གནས་ཀྱི་སྙིང་དོན་ཟབ་མོ་གསལ་བཤད་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་བསྐྱར་དར་ཆེད་རྩ་བ་བརྟན་པོ་འཛུགས་དགོས། དྲང་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པའི་སྒོ་ནས་གཏོད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་འབྱུང་རྩ་འཚོལ་དགོས།
    གསུང་རྩོམ་ནང་བསྟན་དོན། རིག་དངོས་དང་རིག་གནས་ཤུལ་བཞག་དེ་བས་མང་བ་གསོན་ཤུགས་འཕེལ་བར་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་རིན་ཐང་མཚོན་རྟགས་དང་རིག་གནས་ཐོན་རྫས་དེ་བས་མང་བ་ཁྱབ་སྤེལ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་དང་ལས་བྱེད་པ་ཚང་མས་ལོ་རྒྱུས་ལ་གུས་ཤིང་སྐྲག་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གུས་ཤིང་སྐྲག་པ་བྱས་ནས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་ལས་དོན་ལ་མཐོང་ཆེན་བྱེད་དགོས། མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་དང་མོས་སེམས་དེ་བས་ཡག་པ་བྱ་རྒྱུར་སློབ་གསོ་རྒྱག་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་གོ་བའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་དགོས།

  
style="display:none;"