ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་གློག་འཕྲིན་བཏང་ནས་སེམས་གསོའི་འཚམས་འདྲི་ཞུས་པ། ལི་ཁེ་ཆང་གིས་ཨན་ཐེན་ཝུན་ཞུང་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་ནས། ཨན་ཐེན་ཝུན་ཞུང་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་པར་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཨན་ཐེན་ཝུན་ཞུང་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་པ་ཤེས་རྟོགས་བྱུང་། ངས་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་རེ་བའང་ཡོད། འདི་ལོ་ནི་ཀྲུང་གོ་དང་རི་པིན་དབར་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པས། ངས་ཁྱེད་དང་མཉམ་དུ་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་རིའི་འབྲེལ་བ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨན་ཐེན་ཝུན་ཞུང་ལ་སེམས་གསོའི་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས་པ་རེད།
|