མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ལ“གསེར་གྱི་བྱ་རྒོད་བྱས་རྗེས་གཟེངས་རྟགས”ཐོབ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་15ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

༄༅།།ཞི་ཅིན་ཕིང་ལ“གསེར་གྱི་བྱ་རྒོད་བྱས་རྗེས་གཟེངས་རྟགས”ཐོབ།

     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནུར་སུའུ་ཏན་དུ་མཛད་སྒོར་ཞུགས་པ་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁེ་ཡེ་ཧྥུའུ་ཡིས་གནང་བའི་“གསེར་གྱི་བྱ་རྒོད་བྱས་རྗེས་གཟེངས་རྟགས”དང་ལེན་བྱས། གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་ཙུང་ཐུང་ལས་ཤག་ཏུ་སྤེལ་བ་རེད། 
     “གསེར་གྱི་བྱ་རྒོད་བྱས་རྗེས་གཟེངས་རྟགས”ནི་ཧ་སག་སི་ཐན་གྱི་མཚན་སྙན་མཐོ་ཤོས་ཡིན་པ་དང་། དེ་ནི་ཧ་སག་སི་ཐན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་ཕུལ་བྱུང་མི་སྣར་གཟེངས་བསྟོད་བྱ་རྒྱུ་དེ་ཡིན་པ་དང་། དེའི་ནང་ཧ་སག་སི་ཐན་གྱི་ཕྱི་ཕྱོགས་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་ཕྱི་རྒྱལ་གྱི་གཙོ་བདག་ཚུད་ཡོད་པ་རེད།

༄༅།།ཞི་ཅིན་ཕིང་ལ“གསེར་གྱི་བྱ་རྒོད་བྱས་རྗེས་གཟེངས་རྟགས”ཐོབ།

  
style="display:none;"