མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་11ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་1ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་1ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

     ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བདེ་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ཏང་གི་ཡུན་རིང་འཐབ་ཇུས་དང་ནམ་ཡང་འགྱུར་མེད་ཀྱི་ཞིབ་འཇུག་བྱ་གཞིར་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ནམ་ཡང་གདོང་མཆོང་གི་དུང་བརྡ་གཏོང་བ། དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། ཁོར་ཡུག་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པར་བྱེད་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་དང“དབྱེ་བ་འབྱེད་དགོས་པ་གསུམ”མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱས་ནས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་རྣམ་པ་ཟབ་མོ་དང་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། དུས་རབས་གསར་པའི་ལོ་བཅུའི་རིང་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ནས་གྲི་དངོ་ནང་གཏད་དང་རུས་གཞོག་དུག་སེལ་དང་། སྨན་བསྟེན་གཅོང་བཅོས་དང་ཁྲིམས་བརྟེན་ཟིང་བཅོས་ཀྱིས་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ནམ་ཡང་ཚར་དུས་མེད་པས་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོར་དམིགས་སུ་ལྡན་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ཇི་ལྟར་འཆང་བ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། འདོད་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཇི་ལྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་སྲིད་འཛིན་གྱི་འཇོན་ཐང་ཆེན་པོ་དང་འགོ་ཁྲིད་ཀྱི་ཆུ་ཚད་ཇི་ལྟར་ལྡན་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློའི་འཁྱེར་སོ་རྒྱུན་འཁྱོངས་ཇི་ལྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ཇི་ལྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་འཁྱོངས་ཇི་ལྟར་བྱེད་དགོས་པ་བཅས་ཚང་མ་ནི་རང་རེའི་ཏང་ཆེན་པོ་འདིས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དམིགས་བསལ་གྱི་དཀའ་གནད་ཤ་སྟག་རེད། དཀའ་གནད་དེ་དག་ཐག་གཅོད་བྱེད་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་སྒྲོལ་དགོས་པའི་དཀའ་གནད་ཅིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་དུས་བབ་གསར་པ་དང་བླང་བྱ་གསར་པར་འཚམ་པར་བྱེད་ཆེད་ངེས་པར་དུ་གཏུགས་དགོས་པའི་མཁྲེགས་ས་ཞིག་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཛུགས་པ་ནི་ཁྱོན་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་ལས་དོན་ཞིག་རེད། དུས་རབས་གསར་པའི་ལོ་བཅུའི་རིང་རང་རེའི་ཏང་གིས་རང་ངོས་གསར་བརྗེའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་རགས་ཙམ་བཙུགས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། བྱེད་ནུས་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ལས་ཕྱོད་ཆེ་བ་བཅས་ཀྱི་འགུལ་རྣམ་མ་ལག་ཅིག་རེད། མ་ལག་འདི་འཐུས་སྒོ་ཚང་དུ་གཏོང་དགོས་ན། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་རྒྱུ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཕྱོགས་གང་ཅིའི་ཐད་ཀྱི་འཛུགས་སྐྱོང་འབྲེལ་མཐུད་དམ་ཟབ་དང་། མཉམ་འགུལ་ཕྱོགས་བསྡུས། མཉམ་ལས་མཐུན་སྦྱོར་བཅས་སྔར་བས་མངོན་གསལ་དོད་པོ་ཡོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྲོལ་དང་ལམ་ལུགས་ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་རྒྱུ་སྔར་བས་མངོན་གསལ་དོད་པོ་ཡོང་བ། བཅོས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་གྱི་འདུ་ཤེས། རྩོད་སྒྲུབ་ཀྱི་བསམ་གཞིག་བཅས་ལ་བརྟེན་ནས་ཏང་ལ་དོ་དམ་དང་། ཏང་སྐྱོང་བ། ཏང་འཛུགས་སྐྱོང་བཅས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ནང་དོན་ཐད་ཁྱོན་ཡོངས་ལ་ཁྱབ་པ་དང་། འཛུགས་སྐྱོང་བྱ་ཡུལ་ཁྱོན་ཡོངས་ལ་ཁྱབ་པ། འགན་འཁྲིའི་ཐད་འཁོར་འབྲེལ་ཆ་ཚང་། ལམ་ལུགས་ཐད་ཁྱོན་ཡོངས་འབྲེལ་མཐུད་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ནས་དུས་རབས་རང་བཞིན་དེ་བས་ལེགས་པར་མངོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་གྱིས་ཕྱུག་པ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ནི་ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ལྟ་སྐུལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཡོང་བར་དེ་བས་ཤུགས་རྒྱག་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་སྡེ་ཚན་དང་། ལས་རིགས། ཁྱབ་ཁོངས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རང་འགུལ་ངང་གཏོད་པ་སོགས་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད་མེད་དང་དོན་འཁྱོལ་ཡག་པོ་བྱས་ཡོད་མེད་ལ་ལྟ་དགོས་པ་དང་། ཏང་ཀྲུང་དབྱང་གིས་བཏོན་པའི་གཙོ་གནད་ལས་འགན་དང་། གཙོ་གནད་བྱེད་ཐབས། སྲིད་ཇུས་གལ་ཆེན། བླང་བྱ་གལ་ཆེན་བཅས་ལག་བསྟར་བྱས་ཚུལ་ལ་ལྟ་དགོས་པ། ས་ཁུལ་འདི་ག་དང་། སྡེ་ཚན་འདི་ག ཚན་པ་འདི་ག་བཅས་ཀྱི་འགན་འཁྲི་འཁུར་ཡོད་མེད་ལ་ལྟ་དགོས་པ། བཀའ་རྒྱ་ཡོད་ཀྱང་ལག་ལེན་མི་བསྟར་བ་དང་བཀག་ཀྱང་མི་ཉན་པ་དང་། གདམ་ག་དང་། འགྱུར་བ། འཐེན་སྐུམ་བཅས་བྱེད་པ། སྤྱི་ཡོངས་ལ་ལྟ་རྟོག་མི་བྱེད་པར་སྡེ་ཚན་དང་ས་གནས་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ། གཞན་དཔེ་འདྲ་ཤུས་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་དང་འཕྱུགས་མེད་ངང་ཤེས་རྟོགས་ཐུབ་པར་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགག་གནད་དང་། གནད་འགག ཁག་ས་བཅས་ཏན་ཏིག་སེལ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ་རྒྱུན་གཏན་གྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་ལག་ལེན་བསྟར་བ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་ཁ་དན་ཚིག་ལ་གནས་པར་བྱེད་པའི་བྱེད་ཐབས་ཤིག་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ། སྤྱོད་ཚུལ་དངོས་ལ་འགྱུར་བ་བྱེད་པ་དང་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས་པ་དང་། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་མུ་མཐུད་ཡོ་བསྲང་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་ཡང་ཐོན་པའི་གནད་དོན་ལ་དམ་འཛིན་གྱིས་བཅོས་སྒྲིག་གཏིང་ཟབ་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་བརྩིས་ཏེ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་ཞིབ་འཇུག་དང་ཚན་རིག་དང་མཐུན་ལ་གནད་སྨིན་ངང་བཅོས་སྐྱོང་བྱས་ནས། མཁྲེགས་སར་གཏུག་ཕོད་པ་དང་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཚད་གཞི་རེད་ལ། ཏང་ཡོན་དང་ལས་བྱེད་པས་རང་ངོས་ཀྱི་བྱ་སྤྱོད་གཅུན་འདོམས་བྱེད་པའི་ཚད་གཞི་དང་གཞི་འཛིན་སའང་རེད། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཏང་གི་སྒྲིག་སྲོལ་བཟོ་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཆ་ཚང་ལ་བླང་བྱ་ནན་པོ་ལག་བསྟར་བྱས་ནས་སྒྲིག་ཁྲིམས་ནན་པོར་ནུས་ཤུགས་དང་ཟིལ་ཤུགས་ལྡན་པར་བྱེད་དགོས་ལ་ལས་བྱེད་པས་མཐོང་ཆེན་དང་། དོགས་ཟོན། མཚམས་དང་ཚོད་ཤེས་པ་བཅས་བྱས་ནས། ཏང་ཡོངས་སུ་སྒྲིག་སྲོལ་ལ་བརྩི་སྲུང་དང་སྒྲིག་ཁྲིམས་སྲུང་བའི་ཚད་མཐོའི་རང་རྟོགས་རང་བཞིན་ཆགས་པར་བྱེད་དགོས། གུང་ཁྲན་ཏང་ཡོན་ཚང་མ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚང་མས་ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དེ་བས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བཅས་བྱེད་པ། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་ལ་གཅུན་འདོམས་བྱེད་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལྟ་སྐུལ་དང་གཅུན་འདོམས་ཀྱི་ཁོར་ཡུག་ཁྲོད་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་སྔར་བས་འཇགས་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་འཕར་ཚད་གཏན་འགོག་དང་གསོག་འབོར་གཙང་སེལ་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད། ངེས་པར་དུ་རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པའི་ཐད་མུ་མཐུད་གནོན་ཤུགས་སྤྲད་ནས་ཐོག་མཐའ་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་བའི་ཟིལ་ཤུགས་མི་འགྱུར་བ་དང་དམ་བསྒྲགས་ཆད་གཅོད་ཀྱི་སྟོབས་ཤུགས་རྒྱུན་དུ་གནས་པར་བྱས་ཏེ། མཚམས་དང་ཚོད་མེད་པ་དང་བློ་ཁོག་ཆེ་ལ་ཧམ་ཤེད་ཅན་ལ་མཐའ་གཅིག་ཏུ་ཆད་པ་གཅོད་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ། འགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་ངན་འབྲེལ་དང་མ་རྩ་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་ཐིམ་པ་སོགས་ཆབ་སྲིད་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་རྒྱུ་མཐའ་གཅིག་ཏུ་འགོག་དགོས། ཅུང་མངོན་གསལ་དོད་པའི་ལས་རིགས་རང་བཞིན་དང་། མ་ལག་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་དགོས། རུལ་སུངས་བྱེད་མི་ཐུབ་པའི་ཐད་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་། རུལ་རྒོལ་གྱི་འགག་སྒོ་མདུན་ཕྱོགས་སུ་སྤོ་བ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རུལ་སུངས་ཐོན་པ་དང་མཆེད་རྒྱུ་བཀག་འགོག་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རུལ་སུངས་བྱེད་མི་འདོད་པའི་ཐད་སྲ་བརྟན་མཐོར་གཏོང་བྱེད་པ་དང་། རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་མ་བཟོ་བ་དང་གཞི་བརྟན་བསམ་འཕེལ་བྱེད་པ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དམ་པ་དོན་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་དར་སྲོལ་གསར་པ་སྐྱེད་སྲིང་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ། དེ་གསུམ་ལ་དུས་གཅིག་ཏུ་ཤུགས་རྒྱག་པ་དང་། ཕྱོགས་གཅིག་ལ་ཤུགས་རྒྱག་པ། ཕྱོགས་བསྡུས་ཐོག་ཤུགས་རྒྱག་པ་བཅས་བྱས་ནས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་དང་། རུལ་སུངས་བྱེད་མི་ཐུབ་པའི་གཅུན་འདོམས་ནུས་པ། རུལ་སུངས་བྱེད་མི་འདོད་པའི་འབོད་སྐུལ་ནུས་པ་བཅས་ཟུང་འབྲེལ་བྱེད་དགོས། ལྐོག་རྔན་སྤྲོད་མཁན་ལ་ཆད་པ་གཅོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལྐོག་རྔན་སྤྲོད་མཁན་ལ་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། “རྒྱབ་རྩ་ཡོད”ཟེར་མཁན་གྱི“ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན”དེ་ཚོར་རྡུང་རྡེག་ཚ་ནན་གཏོང་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ལ་ཕན་འབྲས་ཆེ་བའི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་རེད། ཏང་ཨུད(ཏང་ཙུའུ)ཀྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རིགས་ཁག་གི་ལྟ་སྐུལ་གྱི་སྟོབས་ཤུགས་བསྡུ་སྒྲིལ་དང་། བརྒྱུད་རིམ་གཅིག་མཐུན། ལས་དོན་མཉམ་འདྲེས་བཅས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། ཆེད་འགན་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། ལྟ་སྐུལ་གྱི་ལས་སྟེགས་འཛུགས་པ། ལྟ་སྐུལ་གྱི་དྲ་བ་ཚགས་དམ་དུ་གཏོང་བ་བཅས་བྱས་ནས་ཏང་ཨུད་ཀྱིས་ལྟ་སྐུལ་མ་ལག་ཕན་འབྲས་ཆེན་པོས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས། སྐོར་གཟིགས་ཀྱི་རལ་གྲི་དེ་བས་རྣོ་རུ་བཏང་སྟེ་རལ་གྲི་འཕྱར་ཕོད་པ་དང་ཐོག་མཐའ་བར་གསུམ་དུ་རལ་གྲི་མཐོན་པོར་འཕྱར་ནས་ཟིལ་ཤུགས་རྒྱུན་དུ་གནས་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ལྕི་པོ་ཡོད་སྟབས། ངེས་པར་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། དམག་འཐབ་དྲག་པོ་རྒྱག་ཕོད་པ། འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ཏེ། འགག་སྒྲོལ་དམག་འཐབ་དང་རྒྱུན་བསྲིང་དམག་འཐབ་ཁྲོད་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་གདོང་མཆོང་བྱེད་དགོས། ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་ས་དང་པོར་གཤིས་རྒྱུད་དང་སྤྱོད་ལམ་ལ་ཞུན་བརྡར་སྤྲོས་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྲོད་སྲ་ཞིང་བརྟན་པའི་སྲུང་ཡོལ་བརྟན་པོ་འཛུགས་ཐུབ་པ་བཅས་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ནང་ངོས་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་དོ་དམ་ནན་པོ་བྱེད་པ། ཁོངས་གཏོགས་ཀྱི་རུལ་སུངས་པར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ནས“སྒྲོན་འོག་མུན་པ”མཐའ་གཅིག་ཏུ་སེལ་དགོས། ཏང་ཡོངས་སུ་སྤེལ་ཉེར་ཡོད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་དྭངས་གཙང་དང་རྩ་འཛུགས་དྭངས་གཙང་དེ་མངོན་གསལ་དོད་པའི་གནད་དོན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ། སྒྲིག་ཁྲིམས་ནན་དུ་གཏོང་བ། ཕུང་འདྲེ་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ནས་འགྱུར་མེད་ཀྱི་སྒྲིག་ཁྲིམས་ལ་བརྟེན་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དམག་ཧྲག་ཅིག་གཏོད་དགོས།
     ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་1ཚེས་9ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ། ཚེས་9ཉིན་གྱི་ཕྱི་དྲོ། ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འགོ་བརྗོད་དུ《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།