མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ལ་འཚམས་འདྲི་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༢༢ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའི་གསར་འགྱུར་མགྲིན་ཚབ་པ་ཀྲོའུ་ཡུས་ཡུན་གྱིས་པེ་ཅིང་དུ་ཡོངས་བསྒྲགས་བྱས་པར་ལྟར་ན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཝེ་ཐེ་ནམ་མེས་རྒྱལ་འཐབ་ཕྱོགས་ཀྱིས་གདན་ཞུས་གནང་བ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་འདི་ལོའི་ཟླ་༡༢པའི་ཟླ་མཇུག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།