མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་པ་ཡུས་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་པ་ཡུས་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༢༢ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་པ་ཡུས་དང་གྲོས་མོལ་གནང་བ་རེད།
        ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་སྐོར་རྒྱལ་ཁབ་དང་འབྲེལ་བ་བྱེད་པའི་དམིགས་བཀར་གྱི་ཁ་ཕྱོགས་སུ་བཟུང་ཡོད་པ་དང་། སང་ལོར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ཉིད་ཆབ་སྲིད་ཐོག་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་བཅས་པའི་ཐུན་མོང་རྩ་འཛུགས་གསུམ་འཛུགས་སྐྲུན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ལོ་གསུམ་གྱི་རིང་ཐེ་ལན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཐུན་སྦྱོར་རྒྱལ་ཁབ་གནང་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དེ་ཐེ་ལན་རྒྱལ་ཁབ་དང“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་མཉམ་ལས་བྱ་རྒྱུའི་ཆིངས་ཡིག”ལ་གྲོས་མོལ་གྱིས་མིང་རྟགས་འགོད་རྒྱུ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་རང་མོས་ཉོ་འཚོང་ཁུལ་གྱི་རིམ་པ་མཐོ་རུ་གཏོང་རྒྱུའི་གྲོས་མོལ་ལ་སྐུལ་སྤེལ་གཏོང་རྒྱུ། ༢༠༡༥ལོའི“ཀྲུང་གོ་དང་ཨེ་ཤེ་ཡ་མནའ་འབྲེལ་བར་གྱི་རྒྱ་མཚོའི་མཉམ་ལས་ལོ”ཞེས་པ་ལེགས་གཉེར་བྱ་རྒྱུ་སོགས་ཀྱི་ཐད་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

༄༅།།ལི་ཁེ་ཆང་གིས་ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་པ་ཡུས་དང་གྲོས་མོལ་གནང་བ།