མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཨེ་ཤེ་ཡའི་
ཨོ་ལིན་ཕིག་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧ་མའེ་ཏེ་
ཆིན་ཝང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་15ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཨེ་ཤེ་ཡའི་
ཨོ་ལིན་ཕིག་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧ་མའེ་ཏེ་
ཆིན་ཝང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཨེ་ཤེ་ཡའི་ཨོ་ལིན་ཕིག་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨེ་ཧ་མའེ་ཏེ་ཆིན་ཝང་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་མཐུན་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཨོ་ལིན་ཕིག་ཨུ་ལྷན་205ཡི་མཐུན་སྦྱོར་སྒྲིག་གཞི་ཡིན་པའི་ཐོག་ནས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ལྷན་དང་མཉམ་ལས་དང་མཐུན་སྦྱོར་དམ་པོ་བྱས་ཏེ་ཨོ་ལིན་ཕིག་ལུས་རྩལ་ཨུ་ལྷན་ཁག་གི་ཁེ་ཕན་སྲུང་སྐྱོང་དང་འཛམ་གླིང་གི་ཨོ་ལིན་ཕིག་ལུས་རྩལ་ལས་འགུལ་རྒྱུན་མཐུད་ཅིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་རེད། ཨོ་ལིན་ཕིག་ལུས་རྩལ་མཐུན་ཚོགས་ཀྱིས་ཀྱང་དུས་ཡུན་རིང་པོར་ཀྲུང་གོའི་ལུས་རྩལ་བྱ་གཞག་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་གནང་བ་རེད། ཀྲུང་གོར་ལུས་རྩལ་ལས་འགུལ་ནི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་ཞིང་། ཀྲུང་གོར་ལུས་རྩལ་ལས་འགུལ་འཕེལ་རྒྱས་བྱུང་བ་དེའང་མིའི་རིགས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་བ་ཞིག་ཡིན། ཀྲུང་གོའི་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ལུས་རྩལ་བྱ་གཞག་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཁྲོད་ཨོ་ལིན་ཕིག་ལུས་རྩལ་ལས་འགུལ་ལ་ཐོན་པའི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་སྔ་རྟིང་དུ་པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་ནན་ཅིན་གཞོན་ནུའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་སོགས་པའི་འགྲན་ཚོགས་ལེགས་འགྲུབ་ངང་གཉེར་ནས་ཀྲུང་གོའི་མི་དམངས་ཀྱིས་ཨོ་ལིན་ཕིག་ལུས་རྩལ་ལས་འགུལ་ལ་འཆང་བའི་སྤྲོ་སེམས་སྐུལ་སྤེལ་ཧ་ཅང་ཆེན་པོ་བྱས་ཡོད་ཅེས་བསྟན་གནང་བ་རེད།