མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<གཏན་འབེབས་>>པར་འགྲེམས་བྱས་ཏེ་ལས་ཁུངས་དང་
བྱ་ལས་སྡེ་ཚན་མི་སྣའི་རྒན་གསོའི་འཚོ་དངུལ་སྐོར་གྱི་བསྒྱུར་བཅོས་
བྱེད་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་15ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་>>པར་འགྲེམས་བྱས་ཏེ་2014ལོའི་ཟླ་10ཚེས་1ཉིན་ནས་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱེད་འགོ་རྩོམ་པ་གཏན་འབེབས་བྱས་ཤིང་། དེ་དང་དུས་མཚུངས་སུ་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་གཅིག་གྱུར་གྱིས་མཐོ་རུ་གཏོང་རྒྱུ་དང་། རྒྱལ་ཡོངས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་ཡང་བསྐྱར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།