མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཅང་ཤིས་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཅང་ཤིས་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་6ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཞིས་ཅིན་ཕིང་ཅང་ཤིས་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ཆང་ཝུའེ་དང་། ལུའུ་ཤིན་ཧྲེ། མའོ་ཅན་ཁྲེང་། དབྱིན་མེ་ཀེན། ལི་ལི། ཞུས་དབྱིས། ལན་ཉན་དབྱིན། མིན་ཅིན་ཧྭ། ལུང་པོ་ཀྲོའུ་སོགས་འཐུས་མིས་སྔ་རྗེས་སུ“སྒོ་ཀུན་ནས་བཞི”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གཙོ་གནད་ཚད་བརྒལ་བྱ་རྒྱུ། དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ། སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱ་རྒྱུ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་རྒྱུ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་ཞིང་། ཞིས་ཅིན་ཕིང་གིས་ནན་ཏན་ངང་གསན་གྱིན་དུ་ཟིན་ཐོ་བཀོད་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དགོངས་འཆར་བརྗེ་རེས་གནང་རྗེས་གསུང་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལོ་གཅིག་ནང་ཅང་ཤིས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་ལྷག་པར་དུ་དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེའི་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་འཕེལ་རིམ་ནང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་མང་ཚོགས་རྗེས་སུ་མི་ལུས་པ་བྱེད་དགོས་པ་མ་ཟད། ཡུས་ཀུང་གི་སྙིང་སྟོབས་ཐོག་ནས་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་གསར་བརྗེའི་རྟེན་གཞིའི་ཁུལ་གྱི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། དེ་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ཁོར་ཡུག་ནི་དམངས་འཚོ་རེད། རི་ཀླུང་སྔོན་པོ་ནི་མཛེས་སྡུག་རེད། དགུང་ཨ་སྔོན་ནི་བདེ་སྐྱིད་རེད། རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་སྲོག་ལ་གཅེས་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་རུང་། ཏང་གིས་ཏང་ལ་དོ་དམ་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ལ་ཏང་ནན་སྐྱོང་ཐད་དུས་རྟག་ཏུ་དམ་འཛིན་ལྷོད་མེད་བྱེད་དགོས། ཅིན་ཀང་ཧྲན་རི་བོའི་སྙིང་སྟོབས་དང་སུའུ་ཝེ་ཨེའི་ས་ཁུལ་གྱི་སྙིང་སྟོབས་ནི་ང་ཚོའི་ཏང་གི་རྩ་ཆེའི་སྙིང་སྟོབས་ཀྱི་ནོར་བུ་ཡིན་པས་ནམ་ཡང་སེམས་ནང་ངེས་དགོས་པ་མ་ཟད། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་ཐད་གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་སྲུང་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། གཞི་རིམ་གྱི་སྤྱོད་ཚུལ་གནད་དོན་ལ་མཐོང་ཆེན་བྱས་ཏེ་མི་སེར་ཁྲོད་དུ་ཐོན་པའི་ཚུལ་མིན་སྤྱོད་ངན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་བྱ་བར་གང་བྱུང་ཐེ་ཇུས་དང་། གཞི་རིམ་གྱི་དངོས་ཟོག་དང་གྲོན་དངུལ་འཕྲི་འཐེན་བྱེད་པ། བྱ་བ་ཐག་གཅོད་དྲང་གཞག་མི་བྱེད་པ། ཟ་འཁྱེར་བཀག་བླངས། མང་ཚོགས་ཀྱི་ཁེ་ཕན་ཧམ་བཟུང་སོགས་ཀྱི་གནད་དོན་ངེས་པར་དུ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་ལས། རྒྱ་ཡན་དུ་གཏོང་མི་རུང་། ཆབ་སྲིད་སྣོད་བཅུད་དྭངས་གཙང་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་སྲིད་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“ཤིང་རུལ་པ”རྩ་བཀོག་གཏོང་བ་དང་། “ཤིང་ནད”བཅོས་པ། “ཤིང་ཀྱོག་ཀྱོག”འདྲོང་པོ་བཟོ་བ་བཅས་བྱས་ཏེ་འགོ་ཁྲིད་ལས་བྱེད་པར་ཉེན་བརྡ་གཏོང་བ་དང་སྲུང་བྱ་ཡོད་པ་བྱེད་དགོས། ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་པའི་ནོར་འཁྲུལ་རྒྱ་ཡན་དུ་གཏོང་བ་དང་ཐག་གཅོད་ནན་པོ་མི་བྱེད་པའི་སྣང་ཚུལ་ལ་རྦད་དེ་འགྱུར་ལྡོག་གཏོང་དགོས་ཞེས་གསུངས་པ་རེད།