མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་ཤང་ཀང་གི་འཐུས་མི་ཚོགས་པ་དང་ཨའོ་མོན་གྱི་འཐུས་མི་ཚོགས་པའི་
གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་ཤང་ཀང་གི་འཐུས་མི་ཚོགས་པ་དང་ཨའོ་མོན་གྱི་འཐུས་མི་ཚོགས་པའི་
གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་6ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཐུས་མི་ཚོགས་པ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཀྲང་ཏེ་ཅང་གིས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་གི་ནང་གནས་ཚུལ་གསར་པ་དང་འགྲན་སློང་གསར་པར་ཕྱོགས་ནས་ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་སའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཤང་ཀང་དང་ཨའོ་མོན་དམིགས་བསལ་ས་ཁུལ་གྱི་སྲིད་འཛིན་དཔོན་དང་དམིགས་བསལ་ས་ཁུལ་གྱི་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་པར་བརྟེན་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ལ“རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད།
         མིག་སྔར་ཤང་ཀང་དང་ཨའོ་མོན་གལ་ཆེའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད། ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སྣེ་ཁྲིད་བྱས་ཏེ་སྲིད་འཛིན་དཔོན་དང་དམིགས་བསལ་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་དང་ཡུན་རིང་དོན་གཉེར་བྱེད་པ་དང་། མཐུན་སྒྲིལ་དང་ཞི་མཐུན་ལ་སྐུལ་འདེད་བཏང་ནས་ཤང་ཀང་དང་ཨའོ་མོན་ཡུན་རིང་གྲ་རྒྱས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་གཟི་བརྗིད་གསར་པ་བསྣན་རྒྱུའི་ཐུགས་རེ་བཅངས་གནང་བ་རེད།

༄༅།།ཀྲང་ཏེ་ཅང་ཤང་ཀང་གི་འཐུས་མི་ཚོགས་པ་དང་ཨའོ་མོན་གྱི་འཐུས་མི་ཚོགས་པའི་
གྲོས་ཞིབ་ནང་ཞུགས་པ།