མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཨུ་ཧྥའི་དབུ་ཚོགས་སུ་ཕེབས་པ་དང་གསུང་
བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་13ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཨུ་ཧྥའི་དབུ་ཚོགས་སུ་ཕེབས་པ་དང་གསུང་
བཤད་གལ་ཆེན་ཡང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་ལྔ་པ་ཨུ་རུ་སུའི་ཨུ་ཧྥ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཨ་ཐེ་པ་ཡེ་ཕུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལེ་མོ་ཕུའུ་བཅས་དང་ལྷན་དུ་ཚོགས་འདུར་ཕེབས་པ་རེད། ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གོམ་སྟབས་མགྱོགས་སུ་བཏང་ནས་བྱ་སྤྱོད་ཏན་ཏིག་སྤེལ་དགོས་པ་དང་། ས་ཁུལ་དེ་གའི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དངོས་སྒྲུབ་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་མི་རབས་ནས་མི་རབས་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་དགོས། སྒོ་མོ་ཕྱེ་ནས་ཕན་ཚུན་བསམ་གཞིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འགོ་འཛུགས་ས་གསར་པའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ཚོས་ཐོག་མར་ཁྱབ་ཁོངས་ཆུང་ངུའི་གྲོས་མོལ་གནང་བ་དང་དེ་རྗེས་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་ཏོའར་ཅི། རྒྱ་གར་གྱི་ཙུང་ལི་མོ་ཏི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལེ་ཕུའུ། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་སྐུ་ཚབ་བཅས་་ཁྱབ་ཁོངས་ཆེ་བའི་གྲོས་མོལ་ནང་ཞུགས་པར་གདན་དྲངས་པ་རེད། ཕུའུ་ཅིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་2014ལོའི་ཏུའུ་ཧྲང་པེ་དབུ་ཚོགས་འཚོགས་ཚུན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དོན་གྲུབ་འབྲས་གཙོ་བོ་ཕྱོགས་སྡོམ་བྱས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་ཚུལ་དང་། མདུན་ལམ། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་བཅས་ལ་དམ་པོར་དམིགས་ཏེ་དགོངས་འཆར་བརྗེ་རེས་གནང་ལ་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཡང་བྱུང་བ་རེད།
         ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་《མཐུན་སྒྲིལ་རོགས་རེས་བྱས་ནས་ཐུན་མོང་ཐོག་འགྲན་སློང་བསུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་》ཞེས་པའི་གསུང་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ན་ནིང་ཏུའུ་ཧྲང་པེ་དབུ་ཚོགས་འཚོགས་ཚུན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གིས་ཕན་ཚུན་གཞོགས་འདེགས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་དེ་གའི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་སྤེལ་རེས་དང་མཉམ་ལས་ཆུ་ཚད་མཐོ་རུ་བཏང་བ། རྩ་འཛུགས་དེའི་ཡིད་དབང་འཕྲོག་ཤུགས་དང་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཨུ་ཧྥའི་དབུ་ཚོགས་སུ་ཕེབས་པ་དང་གསུང་
བཤད་གལ་ཆེན་ཡང་གནང་བ།