མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གྲྭ་འབྲིང་ཆུང་གི་སློབ་གོས་དོ་དམ་ཐད་གཏན་འབེབས་གསར་པ་བཏོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་དྲ་ཚིགས་ནས་ཟླ་7ཚེས་13ཉིན་ཁྱབ་བསྒྲགས་བྱས་པའི་པུའུ་ཨུད་བཞིའི་《སློབ་གྲྭ་འབྲིང་ཆུང་གི་སློབ་གོས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ལ་གཞིགས་ཏེ་སླད་ཕྱིན་སློབ་གོས་ཐོན་སྐྱེད་དང་ཉོ་སྒྲུབ་བྱ་རྒྱུ་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་དང་སློབ་གྲྭས་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པ་དང་ཁྱིམ་བདག་ཨུ་ཡོན་དང་འབྲེལ་གཏུག་བྱེད་པའི་རྨང་གཞིའི་ཐོག་སློབ་གོས་འདེམས་མིན་གཏན་འཁེལ་བྱས་ཏེ་འདེམས་སྤྱོད་སློབ་གྲྭས་ཁྱིམ་བདག་དང་སློབ་མ་ཞུགས་པའི་སློབ་གོས་འདེམས་སྤྱོད་རྩ་འཛུགས་འཛུགས་དགོས།
          “སློབ་གསོ་པུའུ་དང་། བཟོ་ཚོང་སྤྱི་ཁྱབ་ཅུས། སྤུས་བཤེར་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཚད་གཞི་ཨུ་ལྷན་བཅས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་《བསམ་འཆར་》པར་འགྲེམས་བྱས་པ་དེ་ནི་རྒྱལ་ཁབ་རིམ་པའི་ཁོངས་གཏོགས་ཀྱིས་སློབ་གོས་བཅོས་སྐྱོང་མ་ལག་འཛུགས་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་དང་པོ་དེ་ཡིན་ཞིང་། ་དེའི་དམིགས་ཡུལ་ནི་སློབ་གོས་དོ་དམ་གྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་བྱ་ཐབས་བཏོན་ནས་ནུས་ལྡན་གྱི་དོ་དམ་དང་ཞབས་ཞུའི་མ་ལག་ཅིག་ཆགས་པ་བྱ་རྒྱུ་དེ་ཡིན”ཞེས་སློབ་གསོ་པུའི་རྨང་གཞིའི་སློབ་གསོའི་འགན་འཁུར་བས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།
         ཉེ་དུས་ས་ཁུལ་ཁག་གཅིག་ཏུ“དུག་ལྡན་སློབ་གོས”དང“སློབ་གོས་མདོག་ཉེས་པོའི”གནས་ཚུལ་ཐོན་ནས་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པར་བརྟེན་སྤྱི་ཚོགས་ཐོག་རྒྱ་ཁྱབ་ངང་དོ་སྣང་བྱུང་ནས་གླེང་མང་བའི་སྐད་ཆར་གྱུར་པས་སློབ་གྲྭ་འབྲིང་ཆུང་གི་སློབ་གོས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་དགོས་ངེས་ཡིན་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་བརྟག་ཞིབ་ཚོགས་ཆུང་6སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་10ཙམ་ལ་སློབ་གོས་ལས་དོན་གྱི་ཆེད་དོན་བརྟག་ཞིབ་བྱས་པ་དང་འབྲེལ་ས་གནས་ཁག་གིས་སྙན་ཞུ་བྱས་པའི་གནད་དོན་དང་བཏོན་པའི་སློབ་གོས་དོ་དམ་གྱི་ཡིག་ཆ་ལེགས་སྒྲིག་དབྱེ་ཞིབ་བྱས་པ་དང་། སྡེ་ཚན་མང་པོ་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཞུགས་པའི་འཆར་ཟིན་འགོད་མཁན་ཚོགས་ཆུང་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་ཐོག་ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་32དང་། དེ་བཞིན་སློབ་གྲྭའི་ཞའོ་ཀྲང་དང་། དགེ་རྒན། སློབ་མ་བཅས་ཁག་གཅིག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུས་ནས་བཟོ་བཅོས་ལེགས་སྒྲིག་ཐེངས་མང་བྱས་པ་རེད།
         《བསམ་འཆར་》ནང་སློབ་གོས་ཐད་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་དང་། སློབ་གོས་ཁེ་ལས་ལ་ཁྲིམས་ལྟར་ཐོ་འགོད་ནན་པོ་བྱེད་པ། སློབ་གོས་མཁོ་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱེད་སྐབས“མཚོན་རྟགས་གསལ་འགོད”ལམ་ལུགས་ལག་བསྟར་བྱེད་པ། སློབ་གོས་ལ་ཆ་ལག་ཚང་བའི་འཚོང་གོས་ཀྱི་ཚད་ལོན་མཚོན་རྟགས་ལྡན་དགོས་པ། ཕྱོགས་གཉིས་པོའི་དབར་སྐྱེལ་བ་དང་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུར་སྐུལ་མ་གཏོང་དགོས་པ། སློབ་གྲྭས་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པ་དང་ཁྱིམ་བདག་ཨུ་ཡོན་དང་འབྲེལ་གཏུགས་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་སློབ་གོས་འདེམས་སྤྱོད་བྱེད་མིན་གཏན་འཁེལ་བྱེད་དགོས་པ། འདེམས་སྤྱོད་སློབ་གྲྭས་ཁྱིམ་བདག་དང་སློབ་མ་ཞུགས་པའི་སློབ་གོས་འདེམས་སྤྱོད་རྩ་འཛུགས་འཛུགས་དགོས་པ། སློབ་གོས་ཉོ་སྒྲུབ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཉོ་སྒྲུབ་སྤྱི་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉོ་སྒྲུབ་ཀྱི་གྲབས་ཐོ་འགོད་དགོས་པ་བཅས་དང་དུས་མཚུངས་ཁྲིམས་ལྟར་སྒྲིག་འགལ་ངང་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་དང་བྲིན་ཚོང་ཚོང་དུད་ལ་ཞིབ་གཅོད་ནན་པོ་བྱས་ཏེ་སློབ་གོས་ཐོན་སྐྱེད་ཁེ་ལས་ཀྱི“མིང་ཐོ་ནག་པོའི”ལམ་ལུགས་འཛུགས་དགོས་པ། ས་གནས་ཁག་གིས་སློབ་མ་དེ་བས་མང་བར་རིམ་བཞིན་སློབ་གོས་གྱོན་ཐུབ་པ་བྱེད་དགོས་པ་དང་ཁྱིམ་ཚང་དབུལ་པོའི་སློབ་མ་སོགས་ཚོགས་སྤྱིར་རིན་སྐྱིན་མི་དགོས་པར་སློབ་གོས་མཁོ་འདོན་བྱེད་རྒྱུ་དར་སྤེལ་གཏོང་དགོས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།