མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་ཚོགས་འདུ་
ཐེངས་ཉེར་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་
གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་14ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུའི་ཐད་མཉམ་སྡེབ་ཚོགས་འདུ་ཐེངས་ཉེར་དྲུག་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཁོང་གིས་ཏང་ཀྲུང་དབྱང་གིས་ད་ཐེངས་ཀྱི་ཆེད་དོན་སློབ་གསོ་བཀོད་སྒྲིག་བྱེད་སྐབས་གོང་གིས་འོག་གི་སྣེ་ཁྲིད་དགོས་ལུགས་གསལ་སྟོན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ད་ཐེངས་ཀྱི་སློབ་སྦྱོང་ཐད“ནན་གསུམ་དྲང་གསུམ”བརྗོད་བྱ་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་བླང་བྱ་དེ་དོན་འཁྱོལ་ཏན་ཏིག་ཐུབ་ཆེད་ཡིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚང་མས་རང་དཔེ་གཞན་སྟོན་གྱིས་ཏང་ཡོངས་ལ་མིག་དཔེ་བཟང་པོ་སྟོན་དགོས། “ནན་གསུམ་དྲང་གསུམ”ནི་ང་ཚོར་ཉིན་ལྟར་ཐུག་པའི་བླང་བྱ་ཞིག་ཡིན་པ་ཚང་མས་དུས་རྟག་ཏུ་བློ་ལ་བརྟན་པོ་ངེས་པ་དང་། བྱ་བ་སྒྲུབ་རིམ་བཞིན་མཐའ་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་པ། ག་དུས་ཡིན་ནའང་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་པ་ཞིག་ཡིན་ཕྱིན་སེམས་ཐག་བཅད་པ་དང་། ནུས་ཤུགས་ཡོད་རྒུས་སྒྲུབ་པ།སྐད་ཅིག་ཙམ་ཡང་མཚམས་མི་འཇོག་པར་སྒྲུབ་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་མི་ཕན་པ་ཞིག་ཡིན་ཕྱིན་སེམས་ཐག་བཅད་ནས་ལེགས་བཅོས་དང་ལེགས་བཅོས་མཐར་ཕྱིན་བྱས་ནས་སྐད་ཅིག་ཙམ་ཡང་མ་འགྱངས་པར་ལེགས་བཅོས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་ཚོགས་འདུའི་ནང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་སྦྱོང་གནང་བ་དང་འབྲེལ་མྱོང་ཚོར་སྤེལ་རེས་གནང་བ་དང་། མ་ཁའེ་དང་། ཝང་ཧུའུ་ཉིང་། ཞུས་ཆི་ལེའང་། ལི་ཅན་གོ ཀྲའོ་ལེ་ཅི་བཅས་ཀྱིས་གནད་དོན་དེའི་ཐད་གལ་ཆེའི་གཏམ་བཤད་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་ཚོའི་གཏམ་བཤད་གསན་པ་དང་སྦྲགས་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་གནང་བ་རེད།
         སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཞིས་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རྒྱུ་དེ་ནི་འདི་ལོའི་ཏང་འཛུགས་སྐྱོང་གི་ལས་ཀའི་གཙོ་གནད་ཅིག་རེད། ཟླ་4པའི་ཟླ་སྨད་དུ་ང་ཚོས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་ནས་བཟུང་རིམ་ཁག་ཏང་ཨུད་ཀྱིས་གཙོ་བོ་གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་ཏང་གི་སློབ་ཚན། ཆེད་དོན་ཞིབ་བསྡུར། བཙལ་འཚོལ་དག་ཐེར་བཅས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ལ་དམ་འཛིན་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གནས་ཡུལ་ཚན་པ་དང་། གནས་ཡུལ་ས་ཆ། ལས་བགོས་ཁྱབ་ཁོངས་བཅས་སུ་ཏང་གི་སློབ་ཚན་འཁྲིད་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་རྫོང་ཨུད་ཀྱི་ཧྲུའུ་ཅིས་ཀྱང་ཏང་གི་སློབ་ཚན་འཁྲིད་ནས་མི་ནན་མི་དྲང་གི་ཞིབ་ཕྲའི་མཚོན་ཚུལ་དང་ཚབས་ཆེའི་གནོད་འཚེ་གསལ་པོ་གླེང་ཡོད་ལ“ནན་གསུམ་དྲང་གསུམ”དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཀྱང་གསལ་པོ་གླེང་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་དང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་། ཏན་ཏན་ཏིག་ཏིག་ངང་ཇུས་འགོད་དྲང་པོ་དང་། ལས་ཀ་དྲང་པོ། མི་དྲང་པོ་བཅས་བྱེད་པའི་ཐད་གྲོས་བསྡུར་བྱས་ནས་མི་ནན་མི་དྲང་གི་གནད་དོན་ལ་དམིགས་ནས་ཞིབ་བཤེར་ནན་པོ་དང་། འཚོལ་ཞིབ་ཞིབ་ཚགས། འཕྲལ་དུ་ལག་བསྟར་དང་འཕྲལ་དུ་ལེགས་བཅོས་བྱས་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་དམིགས་སའི་རང་བཞིན་ཆེ་བས་བསམ་བློ་དང་། བྱ་སྤྱོད། ཏང་གཤིས་བཅས་ཐད་གཅིག་སྡུད་ཐོག“འཚོ་བཅུད་སྣོན་པ”དང“ཤུགས་རྒྱག་པ”ཞིག་ཡིན་པས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་པ་དང་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་གྱི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ང་ཚོས་ཏང་ཡོངས་སུ་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ནང་དོན་གཙོ་བོར་བྱས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་དེ་རྗེས་ང་ཚོས་སླར་ཡང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་ཡོད། རང་རེའི་ཏང་ནི་སྲིད་འཛིན་ཏང་ཞིག་ཡིན་པས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དང་། ཏང་གི་གཟུགས་བརྙན་དང་དབང་གྲགས་དེ་ཏང་གི་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ལས་དབང་དང་། མི་དམངས་ཀྱི་ལས་དབང་། མི་རིགས་ཀྱི་ལས་དབང་བཅས་དང་ཡང་ཐད་ཀར་འབྲེལ་བ་ཡོད། ལོ་རྒྱུས་ཀྱི་འགན་འཁྲི་ཇི་ཙམ་གཟི་བརྗིད་ཆེ་ན་འབད་འཐབ་དམིགས་ཚད་དེ་ཙམ་གྱིས་བརྗིད་རླབས་ཆེ་བ་ཡོད་པ་དང་། སྲིད་འཛིན་གྱི་ཁོར་ཡུག་ཇི་ཙམ་རྙོག་འཛིང་ཆེ་ན་ང་ཚོས་དེ་ཙམ་གྱིས་ཏང་ནན་པོ་སྐྱོང་དགོས་པས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱས་ནས་ཇི་སྲིད་བར་མི་ཕམ་པ་བྱེད་དགོས། ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་ངེས་པར་དུ་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བར་རྩ་བ་བརྟན་དུ་བཏང་ནས་བསམ་པའི་སྒལ་ཚིགས་འདྲོང་དགོས་པ་དང་། ཞིབ་ས་ནས་དང་ཆུང་ཙག་ནས་དོན་འཁྱོལ་བྱས་ནས་ཞིབ་ཕྲའི་ལྷུ་ཚིགས་དང་དོན་ཆུང་ལ་སྣང་ཆེན་བྱེད་དགོས་པ། ཡལ་བཅོས་བརྒྱབ་སྟེ། རང་རྟོགས་ངང་ལེགས་བཅོས་དང་བྱང་ཚད་མཐོ་རུ་གཏོང་དགོས་པ། སྐྱོན་བཏོན་མྱུར་དུ་དང་ལེན་བྱས་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་དགོས། ང་ཚོ་གུང་ཁྲན་ཏང་མིའི་རྩ་བ་ནི་མར་ཁེ་སི་རིང་ལུགས་ལ་དད་པ་བྱེད་པ་དང་། གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ལ་དད་པ་བྱེད་པ། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བཅས་བྱེད་རྒྱུ་དེ་རེད། རྩ་བ་བརྟན་དུ་གཏོང་ཞེས་པ་ནི་དད་པ་བརྟན་དུ་གཏོང་བ་དང་། དད་སེམས་བརྟན་དུ་གཏོང་བ། ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་ཡིན། རྩ་བ་བརྟན་དུ་གཏོང་བའི་ཐད་ཤུགས་ནུས་ལྡན་བརྒྱབ་ཚེ་གཞི་ནས་ཤུགས་ཆེའི་ནད་འགོག་ནུས་པ་དང་སྔོན་འགོག་ནུས་པ་ལྡན་སྲིད། བློ་སྦྱོང་དང་། དབང་སྤྱོད། རང་གཅུན། ལས་སྒྲུབ། ལས་གཏོད། མི་དྲང་པོ་བཅས་བྱེད་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་ཡོད་པ་དང་། ནན་པོ་དང་ཏན་ཏིག་ནི་བྱ་བ་རེ་རེ་བཞིན་བསྒྲུབས་ནས་བྱུང་བ་དང་བྱ་བ་རེ་རེ་བཞིན་བསྒྲུབས་ནས་གསོག་འཇོག་བྱས་པ་ཞིག་ཡིན་པས་ངེས་པར་དུ་དོན་འཁྱོལ་ཞིབ་ཚགས་དང་ཆུང་ཙག་ནས་དོན་འཁྱོལ་བྱེད་དགོས། ཐིག་པ་བསགས་ནས་རྒྱ་མཚོ་ཁེངས་པ་བཞིན་རྒྱུན་དུ་བྱ་བ་ཆུང་ཙག་ནས་དམ་འཛིན་བྱེད་དགོས། བློ་མཐུན་ཚང་མར་རང་ཉིད་ལེགས་བཅོས་དང་རང་གི་བྱང་ཚད་མཐོ་རུ་གཏོང་བའི་འགན་འཁྲི་ཡོད་པས་བསམ་བློའི་ནོར་འཁྲུལ་སེལ་བ་དང་། སྤྱོད་ཚུལ་ངན་པ་དོར་བ། ནོར་འཁྲུལ་གྱི་གཏམ་སྤྱོད་ཡོ་བསྲང་བྱེད་པ་བཅས་ལ་ནམ་ཡང་རྫོགས་པའི་དུས་མེད། འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བར་རང་གི་འབད་བརྩོན་ལ་བརྟེན་དགོས་ལ་ཏང་དང་མི་དམངས་ཀྱི་ལྟ་སྐུལ་ལའང་བརྟེན་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་ཡོན་དང་ལས་བྱེད་པ་ཚང་མས“ནན་གསུམ་དྲང་གསུམ”གྱི་བླང་བྱ་བཞིན་རང་ལ་སྐུལ་ལྕག་བྱེད་དགོས། སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱེད་པའི་ཐད་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དར་ཆ་དང་ཚད་གཞིའི་མིག་དཔེ་ཡག་པོ་སྟོན་དགོས་པ་མ་ཟད། ཏང་ཡོན་ཡོངས་ཀྱིས་ཀྱང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་གོམ་སྟབས་རྗེས་མར“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་སྐབས་ཕྱོགས་མང་པོའི་ཐད་ནས་མུ་མཐུད་འབད་བརྩོན་བྱེད་དགོས། ཏང་ཨུད་(ཏང་ཙུའུ)ཀྱིས་འགན་འཁྲི་གཙོ་བོར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཨུད་(ཏང་ཙུའུ)ཀྱི་ཧྲུའུ་ཅིས་དམ་འཛིན་བྱེད་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་རང་དཔེ་གཞན་སྟོན་གྱི་ཐོག་ནས་ལས་དོན་ཧུར་ཐག་སྒྲུབ་པ་དང་། སྒྲིག་བཀུར་ཁྲིམས་སྲུང་ཐོག་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ། དག་ཐེར་དོན་འཁྱོལ་ཐད་ཕན་འབྲས་དངོས་ཐོན་པ་བྱེད་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་སྟོན་མེ་ལོང་དུ་འཛིན་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་དང་། ཚན་ཁག་གི་སྟོབས་ཤུགས། མི་སྒེར་གྱི་སྟོབས་ཤུགས། མང་ཚོགས་ཀྱི་སྟོབས་ཤུགས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མི་ནན་མི་དྲང་གི་གནད་དོན་བཙལ་འཚོལ་དང་ཐག་གཅོད་ཐད་ཤུགས་རྒྱག་དགོས་པའི་ནན་བཤད་གནང་བ་རེད།