མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་གཞིས་ཀ་རྩེར་ཕེབས་ནས་
མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་གཟིགས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་11ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

བཀྲ་ཤིས་ལྷུན་པོ་དགོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་བསྟན་མའི་སྒོ་བན་གནང་བ།

བཀྲ་ཤིས་ལྷུན་པོ་དགོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་བསྟན་མའི་སྒོ་བན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་མི་འགའ་ཤས་ཀྱི་སྣེ་ཁྲིད་དེ་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཕེབས་ནས་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་གཟིགས་གནང་བ་རེད།
         ཡུས་ཀྲེང་ཧྲེང་སོགས་ཀྱིས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་། བོད་སྐྱོར་ལས་བྱེད་པ། ལས་བྱེད་པ་རྒན་གྲས། མང་ཚོགས་ཀྱི་འཐུས་ཚབ་བཅས་ལ་མཇལ་འཕྲད་གནང་བ་དང་དྲན་རྟེན་གྱི་མཉམ་པར་བསྐྱོན་པ་མ་ཟད། གཞིས་ཀ་རྩེ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་གནང་བའི"མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས"ཞེས་པའི་རྟེན་འབྲེལ་སྒོ་བན་གནང་བ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་མཛའ་བརྩེ་ལྡན་པའི་འཚམས་འདྲི་གནང་བ་རེད།

བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་ཏེ་ཆོས་ལུགས་མི་སྣ་ཁག་ལ་འཚམས་འདྲི་གནང་བ།
བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་ཏེ་ཆོས་ལུགས་མི་སྣ་ཁག་ལ་འཚམས་འདྲི་གནང་བ།
4.25ས་ཡོམ་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚོར་འཚམས་འདྲི་གཟིགས་མོ་གནང་བ།
4.25ས་ཡོམ་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚོར་འཚམས་འདྲི་གཟིགས་མོ་གནང་བ།
གུར་ནང་བུ་བཅོལ་ཁང་གི་བྱིས་པ་ཚོ་དང་མཉམ་དུ་ཡོད་པ།
གུར་ནང་བུ་བཅོལ་ཁང་གི་བྱིས་པ་ཚོ་དང་མཉམ་དུ་ཡོད་པ།