མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག མུ་མཐུད་
ཏང་དང་མི་དམངས་ཀྱིས་བཏོད་པའི་ཡང་དག་པའི་འགྲོ་ལམ་ཐོག་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་
བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཟམ་མི་ཆད་པར་
སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ■ ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འཚོལ་ཞིབ་དང་ལག་ལེན་ཟམ་མི་ཆད་པར་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་རིམ་བཞིན་ཆགས་ཏེ་དེང་དུས་ཀྱི་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་རྩ་བའི་འགན་ལེན་བྱས་པ་མ་ཟད། དུས་རབས་གསར་པར་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་ཡོད། 
     ■ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ནི་ལག་ལེན་བསྟར་ཐུབ་པ་དང་། སྤྱོད་གོ་ཆོད་པ། ནུས་པ་ལྡན་པ་བཅས་ཀྱི་ལམ་ལུགས་མ་ལག་ཆ་ཚང་ཞིག་ཡིན་པ་དང་དེ་ནི་ང་ཚོས“གདེང་ཚོད་བཞི”བརྟན་དུ་གཏོང་བའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས་ལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་24ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ཀྲུང་གོ་གསར་པའི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཆགས་པ་དང་འཕེལ་རྒྱས”ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འཚོལ་ཞིབ་དང་ལག་ལེན་ཟམ་མི་ཆད་པར་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་རིམ་བཞིན་ཆགས་ཏེ་དེང་དུས་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་རྩ་བའི་འགན་ལེན་བྱས་པ་མ་ཟད། དུས་རབས་གསར་པར་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་ཡོད། ཏང་ཡོངས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ་མུ་མཐུད་ཏང་དང་མི་དམངས་ཀྱིས་བཏོད་པའི་ཡང་དག་པའི་འགྲོ་ལམ་ཐོག་མདུན་སྐྱོད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བློ་མཐུན་ཡུས་ཀྲི་ཀང་གིས་གནད་དོན་དེར་འགྲེལ་བཤད་བསྐྱོན་པ་དང་དགོངས་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཉིན་ཤས་སོང་རྗེས་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བསུ་བ་ཞུ་རྒྱུ་རེད། ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་རིང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྱོང་བྱེད་པའི་ལོ་རྒྱུས་ལམ་ཚད་ལ་ཕྱིར་མིག་ལྟ་བ་དང་། གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་གནད་དོན་འགངས་ཆེན་ལ་བསམ་གཞིག་གཏིང་ཟབ་བྱ་ཆེད་རེད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་གསར་པ་བསྐྲུན་རྒྱུར་རྩེ་གཅིག་ཏུ་གཞོལ་བ་དང་འབྱུང་འགྱུར་གྱི་རྒྱལ་ཁབ་ལམ་ལུགས་སྐོར་གྱི་དགོངས་ཚུལ་བཏོན་པ་མ་ཟད། མི་དམངས་ཀྱི་སྣེ་ཁྲིད་དེ་དེའི་དོན་དུ་འཐབ་རྩོད་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་སྐོར་གྱི་གཞུང་ལུགས་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱས་པ་དང་རང་རེའི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་དང་། སྲིད་དབང་གི་སྒྲིག་སྲོལ། རྩ་བའི་ཆབ་སྲིད་ལམ་ལུགས། གཞི་རྩའི་ཆབ་སྲིད་ལམ་ལུགས། རྩ་བའི་དཔལ་འབྱོར་ལམ་ལུགས་བཅས་དང་ཕྱོགས་ཁག་གི་ལམ་ལུགས་གལ་ཆེན་རིམ་བཞིན་བཙུགས་པ་དང་འབྲེལ་སྲ་བརྟན་དུ་བཏང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཀྱང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ནི་ཡུན་རིང་གི་ལག་ལེན་དང་འཚོལ་ཞིབ་ཁྲོད་ཆགས་པ་ཞིག་ཡིན་པ་དང་དེ་ནི་མིའི་རིགས་ཀྱི་ལམ་ལུགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་རླབས་ཆེའི་གསར་གཏོད་ཅིག་རེད། རྒྱལ་ཁབ་ལམ་ལུགས་ཇི་འདྲ་ཞིག་འཛུགས་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་གོའི་མི་དམངས་ལ་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཞིག་རེད། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གནས་ལུགས་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་ཏེ་གནའ་བོའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདིར་མི་དམངས་དུང་ཕྱུར་དུ་མ་རང་ཁྱིམ་རང་བདག་ཡོང་བའི་རྒྱལ་ཁབ་ལམ་ལུགས་གསར་པ་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པ་དང་གསོན་ཤུགས་ཆེན་པོ་ལྡན་པའི་ལམ་ལུགས་སུ་གྱུར་པ་བྱས་ཐོག་རང་རྒྱལ་གྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་གཏོད་ཐུབ་པའི་འགན་ལེན་བྱས་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འདི་ཉིད་དེང་རབས་ཅན་དུ་སྐྱོད་ཆེད་གདམ་ག་གསར་རྐྱང་མཁོ་འདོན་བྱས་ཐོག་མིའི་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་ཡག་པ་ཞིག་འཚོལ་ཞིབ་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་བ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་འབྱུང་རྩ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ཁྲོད་གསོག་འཇོག་བྱས་པའི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཟབ་མོ་ཡིན་པ་དང་མིའི་རིགས་ཀྱི་ལམ་ལུགས་ཀྱི་ཤེས་དཔལ་གྱི་གྲུབ་འབྲས་བཟང་པོ་བསྡུ་ལེན་དང་དཔྱད་གཞིར་འཛིན་ནས་དུས་ཡུན་རིང་པོའི་ནང་ལག་ལེན་ཁྲོད་ཞིབ་དཔྱད་བྱས་པ་ཞིག་ཡིན་ཞིང་། 
     གཅིག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལེགས་ཆ་དང་། གཉིས་ནས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་ལེགས་ཆ། གསུམ་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལེགས་ཆ། བཞི་ནས་དམངས་གཙོའི་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པའི་ལེགས་ཆ་བཅས་ལྡན་ཡོད།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ནི་ལག་ལེན་བསྟར་ཐུབ་པ་དང་། སྤྱོད་གོ་ཆོད་པ། ནུས་པ་ལྡན་པ་བཅས་ཀྱི་མ་ལག་ཆ་ཚང་བའི་ལམ་ལུགས་ཤིག་ཡིན་པ་དང་། དེ་ནི་ང་ཚོས“གདེང་ཚོད་བཞི”བརྟན་དུ་གཏོང་བའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས་ལ། ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལམ་ལུགས་ཀྱི་གསོན་ཤུགས་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཕན་ནུས་སུ་ཏན་ཏིག་གྱུར་བ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལམ་ལུགས་ཀྱི་བགྲོད་ལམ་ཐོག་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་མཁས་པོ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལམ་ལུགས་ལག་བསྟར་བྱེད་པའི་མིག་དཔེ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྣེ་འཁྲིད་ནས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཁར། ལམ་ལུགས་ཀྱི་དབང་གྲགས་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས།
     ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ལོ་ངོ་བདུན་ཅུའི་རིང་གི་རང་རྒྱལ་གྱི་ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཀྲུང་གོའི་ལམ་ལུགས་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་རིག་གཞུང་མ་ལག་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག སྐད་ཆའི་མ་ལག་བཅས་བསྐྲུན་ཐོག་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་རིགས་པའི་གཞུང་ལུགས་ཀྱིས་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"