མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་
སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་28ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་དང་རྩོམ་འབྲི་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་དྲི་བ་དྲིས་ལན》ཞེས་པ་འདི་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་ནས་ཚེས་26ཉིན་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
   《དྲི་བ་དྲིས་ལན》ནང་། ལག་ལེན་དང་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་རིགས་པའི་གཞུང་ལུགས་ཀྱི་གླེང་ཆེ་བའི་གནད་དོན་དང་དཀའ་གནད་ལ་དམིགས་ནས།
   ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ལ་བརྡ་ལན་ཞུས་ཏེ། དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་དགོངས་གཞི་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་ལ་ཁྱོན་ཡོངས་དང་། ཆ་ལག་ཚང་བ། གོ་བདེ་ཤེས་སླའི་ཐོག་ནས་རྒྱས་བཤད་གནང་བས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དེར་གོ་བ་ལེན་རྒྱུར་ཕན་པ་ཡོད་པ་མ་ཟད། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་སྤེལ་གཏོང་བ་བཅས་ལའང་དེ་བས་ཕན་པ་ཡོད་པ་རེད། 《དྲི་བ་དྲིས་ལན》དེར་ཁྱོན་ལེ་ཚན་བདུན་དང་དྲི་བ་བརྒྱ་ཐམ་པ་ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་ཤིང་མཚོན་ཚུལ་གསར་པ་ཡིན་ལ། ཡིག་རིས་ཟུང་འབྲེལ་དང་ནང་དོན་གོ་བདེ་ཞིང་ཤེས་སླ་བ་ཞིག་ཡོད་པར་བརྟེན། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཞོར་ལྟའི་ཀློག་དེབ་གལ་ཆེན་ཞིག་རེད།

  
style="display:none;"