མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨེར་ཝུའེ་ཡིས་ཀྲུང་ཕ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་
ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་23ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨེར་ཝུའེ་ཡིས་ཀྲུང་ཕ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་གནང་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་དང་རྣམ་པ་ཀུན་ཏུ་མཛའ་གྲོགས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ལ་ལོ་ངོ་70རིང་གི་རྒྱལ་སྤྱིའི་འཕོ་འགྱུར་དང་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེབས་ཀྱང་ཐོག་མཐའ་བར་གསུམ་དུ་མི་འགྱུར་རྡོ་རྗེ་བྲག་བཞིན་བརྟན་པོར་གནས་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཏེ་ས་ཁུལ་དར་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་སྐབས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་སྐྱིད་སྡུག་མཉམ་མྱོང་དང་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་དབར་རོགས་རམ་བྱས་པས་རྒྱལ་ཁབ་གཉིས་པོའི“འགྱུར་མེད”མཛའ་མཐུན་སྔར་བས་ཟབ་ཏུ་ཕྱིན་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་ཕའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་གཏུག་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་སྤུས་ཚད་མཐོ་བའི་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་དུས་རབས་གསར་པར་སྔར་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ལ། ཀྲུང་ཕའི་མཛའ་མཐུན་ཇི་སྲིད་བར་གནས་རྒྱུའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།
    ཨེར་ཝུའེ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། ལོ་ངོ་70རིང་། ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་གོང་བཀུར། ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་སྒོ་ནས་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕ་ཀྲུང་དབར་གྱི་འབྲེལ་བ་ནི་དེ་སྔའི་སྐབས་གང་ཞིག་ལས་ཀྱང་སྟོབས་ཆེ་བ་དང་། སྲ་ཞིང་བརྟན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་ཚད་མེད་ཞུས་པར་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕ་ཀྲུང་འབྲེལ་བ་ཟབ་ཏུ་དང་། རྒྱ་ཆེ་བ། གསོན་ཤུགས་ལྡན་པ་བཅས་ཀྱི་ཐད་རྒྱུས་ལོན་ཟབ་མོ་ཡོང་བ་དང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་དེ“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གྲྭ་ཞིག་ཏུ་ཧུར་ཐག་བསྐྲུན་ནས་དུས་རབས་གསར་པར་སྔར་བས་དམ་ཟབ་ཀྱི་ཕ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་གཏོད་འདོད་ཡོད།
    དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།

  
style="display:none;"