མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཕྱོགས་
སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་15ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་7ཚེས་13ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།

འདི་ནི་ཟླ་7ཚེས་13ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ལས་དོན་སྒྲུབ་མཁན་འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།

   ཞི་ཅིན་ཕིང་གིས་རྟེན་འབྲེལ་མཛད་སྒོའི་ལས་དོན་སྒྲུབ་མཁན་ཕྱོགས་ཁག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ། ཚོགས་འདུའི་ཐོག་རྟེན་འབྲེལ་མཛད་སྒོའི་སྐོར་གྱི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲཌ་བྱས་པ་དང་། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བཀོད་སྒྲིག་བྱས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྟེན་འབྲེལ་མཛད་སྒོའི་ལས་དོན་སྒྲུབ་མཁན་ཕྱོགས་ཁག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ། ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོའི་དཀའ་སྤྱད་ལས་སྒྲུབ་དང་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ཚང་མར་འབད་འབུངས་ཡར་བརྩོན་བྱས་ཏེ་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་རྒྱུའི་སྐུལ་ལྕག་ཀྱང་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཕྱོགས་སྡོམ་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བ་རེད།
    ཚེས་13ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས། ཆུ་ཚོད་11ཙམ་ལ་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
    ཉིན་ཤས་གོང་། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆེད་མངགས་རྟེན་འབྲེལ་མཛད་སྒོའི་ཕྱོགས་སྡོམ་སྙན་ཞུ་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རིམ་པ་ཁག་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་རྟེན་འབྲེལ་མཛད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་ལ་རྣམ་པ་བརྗིད་ཉམས་ལྡན་པ་བྱུང་བ་དེ་ཐོག་ནས་མཛད་སྒོའི་ཚོར་སྣང་དང་། ཞུགས་པའི་ཚོར་སྣང་། དེང་རབས་ཀྱི་ཚོར་སྣང་བཅས་གང་ལེགས་མངོན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་བརྗིད་ཉམས་བཅས་ཀྱིས་ཕྱུག་པ། བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་ཐེབས་པ། ངར་ཤུགས་འཕེལ་བ་བཅས་ཀྱི་ནུས་པ་ཐོན་ནས་སྔོན་དཔག་གི་དམིགས་ཡུལ་རྦད་དེ་གྲུབ་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྱི་རྟེན་འབྲེལ་མཛད་སྒོར་ཚན་པ་མང་བ་དང་། ཞུགས་མཁན་མང་བ། དུས་ཚོད་རིང་བ། མཐུན་སྦྱོར་དཀའ་བ་བཅས་ཡོད་རུང་། རྟེན་འབྲེལ་མཛད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་ལས་དོན་སྒྲིག་གཞི་ཁག་དང་། འབྲེལ་ཡོད་ཕྱོགས་ཁག ས་ཁུལ་ཁག་དང་སྡེ་ཚན་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ཚད་གཞི་མཐོ་པོས་འཆར་འགོད་དང་། ཚུགས་གནས་མཐོ་པོས་མཐུན་སྦྱོར། ཆུ་ཚད་མཐོ་པོས་ལག་བསྟར་བཅས་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་ནས་རྟེན་འབྲེལ་མཛད་སྒོ་དེ་ཏང་གི་མཛད་སྒོ་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན་ཞིག་ཏུ་གཉེར་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྟེན་འབྲེལ་མཛད་སྒོའི་ལས་དོན་གཙོ་བོ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་མོད། འོན་ཀྱང་མཛད་སྒོའི་གྲུབ་འབྲས་གཏིང་ཟབ་ཏུ་དང་རྒྱ་ཆེར་གཏོང་བའི་ཐད་ད་དུང་ལས་དོན་མང་པོ་སྒྲུབ་དགོས། རྟེན་འབྲེལ་མཛད་སྒོའི་ཚ་ཚ་འུར་འུར་གྱི་སྤྲོ་སེམས་དང་དྲང་ནུས་ཆེན་པོ་གང་ལེགས་སྤྱད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ། ལོ་རྒྱུས་ཀྱི་བློ་གྲོས་སློབ་སྦྱོང་དང་བེད་སྤྱོད་བྱེད་རིང་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་དགོས། ལོ་རྒྱུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས། འཛམ་གླིང་ལ་ཕྱོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་སྔར་བས་ཡག་པོ་བཤད་དེ་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་དགོས། རྟེན་འབྲེལ་མཛད་སྒོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་མཛད་སྒོའི་ལམ་ལུགས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
    ཞི་ཅིན་ཕིང་གིས། རྟེན་འབྲེལ་མཛད་སྒོའི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རྟེན་འབྲེལ་མཛད་སྒོའི་གྲུབ་འབྲས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་དང་རྒྱ་ཆེར་གཏོང་བ་དང་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
   ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད།

  
style="display:none;"