མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ་《ཏང་དང་དམག་དཔུང་གི་ལོ་རྒྱུས་དང་
གཟི་བརྗིད་ལྡན་པའི་སྲོལ་རྒྱུན་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དཔོན་དམག་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་འགན་ལེན་བྱེད་དགོས》ཞེས་པ་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅོ་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་དང་དམག་དཔུང་གི་ལོ་རྒྱུས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དཔོན་དམག་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་འགན་ལེན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
     གསུང་རྩོམ་དེའི་ནང་དུ། རང་རེའི་དམག་དཔུང་འདི་ཉིད་དཀའ་སྡུག་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པའི་རྩ་བ་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བས་རེད། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ནི་མི་དམངས་དམག་དཔུང་གི་ནམ་ཡང་འགྱུར་མི་རུང་བའི་བླ་སྲོག་དང་ནམ་ཡང་བརླག་མི་རུང་བའི་སྲོག་རྩ་ལྟ་བུ་ཡིན། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་ནས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་དཔོན་དམག་ལ་དྲག་ཆས་སྤྲས་པའི་ལས་དོན་ཡག་པོ་བསྒྲུབས་ནས་དཔུང་སྡེ་མཐའ་གཅིག་ཏུ་བློ་དཀར་དང་། མཐའ་གཅིག་ཏུ་དྭངས་གཙང་། མཐའ་གཅིག་ཏུ་བློས་འགེལ་ཆོག་པ་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས། གཟི་བརྗིད་ལྡན་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་དགོས་པ་སྟེ། འགོ་འཛུགས་ས་གསར་པའི་ཐོག་གསར་བརྗེའི་སྔོན་བྱོན་པས་བཏོད་པའི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
     གསུང་རྩོམ་དེའི་ནང་དུ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི་མི་དམངས་དམག་དཔུང་འདི་ཉིད་དམག་དཔུང་རྙིང་པ་ཡོད་དོ་ཅོག་དང་རྦད་དེ་མི་འདྲ་བའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་རྩ་བའི་ལེགས་ཆ་ཡིན་པས། དུས་དང་གནས་ཚུལ་ཇི་འདྲའི་འོག་ཏུ་ཡང་རང་རེའི་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ལྟ་བུ་འདི་ངེས་པར་དུ་བརྟན་པོ་ཆགས་པར་བྱས་ཐོག་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་མཐར་ཕྱིན་བྱ་རྒྱུར་གཡོ་འགུལ་མི་གཏོང་བར་དུས་དང་རྣམ་པ་ཀུན་ཏུ་ཏང་ལ་བློ་དཀར་དང་། སྤྱི་ཚོགས་རིང་ལུགས་ལ་བློ་དཀར། མེས་རྒྱལ་ལ་བློ་དཀར། མི་དམངས་ལ་བློ་དཀར་བཅས་བྱས་ནས། བྱ་སྤྱོད་མཐའ་དག་སྤེལ་བར་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་ཉན་དགོས་ཞེས་བསྟན་ཡོད་པ་རེད།
     གསུང་རྩོམ་དེའི་ནང་དུ། དུས་ཡུན་རིང་པོའི་ལག་ལེན་ཁྲོད། རང་རེའི་དམག་དཔུང་གི་ཆབ་སྲིད་ལས་དོན་ཐད་ཏང་གིས་དམག་དཔུང་ལ་བཀོད་འདོམས་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས། མང་ཚོགས་ལམ་ཕྱོགས་ཀྱི་རྩ་བའི་སྤྱོད་ཚུལ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་དཔོན་དམག་ལ་དྲག་ཆས་སྤྲས་རྒྱུ་མཐའ་འཁྱོངས། ཏང་དང་དམག་དཔུང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་ཞབས་ཞུ་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། དྲང་གཞག་དང་ཚུལ་མཐུན་གྱི་སྒོ་ནས་ལས་བྱེད་པ་འདེམས་སྒྲུག་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས། དཔོན་དམག་གཅིག་མཐུན་དང་དམངས་གཙོ་དར་སྤེལ་བྱ་རྒྱུ་མཐའ་འཁྱོངས། རང་རྟོགས་ལྡན་ལ་ནན་པའི་སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས། དཀའ་སྤྱད་འབད་བརྩོན་བྱེད་པ་དང་རང་སྲོག་བློས་བཏང་ནས་ལེགས་སྐྱེས་འབུལ་བའི་གསར་བརྗེའི་སྙིང་སྟོབས་མཐའ་འཁྱོངས། ཏང་ཡོན་ལས་བྱེད་པས་འགོ་ཁྲིད་དེ་རང་དཔེ་གཞན་སྟོན་བྱ་རྒྱུ་མཐའ་འཁྱོངས་སོགས་སྲོལ་རྒྱུན་བཟང་པོ་ཆ་ཚང་ཞིག་ཆགས་ཡོད་ལ། སྲོལ་རྒྱུན་བཟང་པོ་འདི་དག་ནི་རང་རེའི་དམག་དཔུང་གི་ཆབ་སྲིད་ལས་དོན་གྱི་རྩ་བའི་རྩ་དོན་དང་ནང་དོན་ཡིན་ཞེས་བསྟན་ཡོད་པ་རེད།

  
style="display:none;"