མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བཞི་པ་འཆར་ཉེའི་མཚམས་སུ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་
ཟོལ་མེད་ཀྱི་འཚམས་འདྲི་ཞུས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་24ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བཞི་པ་འཆར་ཉེའི་མཚམས་སུ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་བཏང་ནས་རྒྱ་ཆེའི་ཞིང་པ་ཚོའི་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བཞི་པ་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ཚུན་དུ། ང་ཚོས་ཏོག་གསར་གློ་ཚད་རིམས་ནད་དང་། ཆུ་ལོག་དང་ཞོད་སྐྱོན་སོགས་རང་བྱུང་གནོད་འཚེའི་དཀའ་ངལ་ཁྱད་བསད་བྱས་པས་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་དགའ་འོས་པའི་ལོ་ལེགས་བྱུང་བ་དང་། གྲོང་གསེབ་ཞི་མཐུན་བརྟན་ལྷིང་དང་ཞིང་པ་བདེ་སྐྱིད་ཁམས་བཟང་བྱུང་ནས་འགོ་གསར་པ་འཛུགས་པ་དང་། དུས་བབ་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྤྱི་ཡོངས་བརྟན་ལྷིང་ཡོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་བསྐྱར་དར་ཡོང་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སླེབས་སྐབས། “ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་དུ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་བསྒྱུར་བས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི“ཞིང་གསུམ”ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་སྐྲུན་མགྱོགས་སུ་བཏང་ནས་རྒྱ་ཆེའི་ཞིང་པ་ཚོའི་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

  
style="display:none;"