མི་དམངས་དྲ་བ།

༄༅།།སྔ་འཛིན་ཕྱི་མཐུད་ཀྱིས་ལམ་ཆས་བསྡོགས་ནས་སླར་ཡང་ཐོན།

                                                                                                                                            —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་མྱོང་བའི་རྒྱང་སྐྱོད་ཀྱི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་22ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     “ང་ཀོང་ཤིས་སུ་རྟོག་ཞིབ་བྱེད་སྐབས་ཕྱིན་པའི་ས་ཚིགས་དང་པོ་འདི་གར་ཡིན། གང་ཡིན་ཟེར་ན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་མཚམས་དེར་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གསར་བརྗེའི་སྙིང་སྟོབས་ལ་ཞུན་བརྡར་གཏོང་བ་བཅས་ཀྱི་ཆེད་དུ་ཡིན”ཞེས་གསུངས་ཡོད། འདི་ལོའི་ཟླ་4ཚེས་25ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ལིན་གྲོང་ཁྱེར་ཆོན་ཀྲོའུ་རྫོང་ཚའེ་དབན་གྲོང་རྡལ་དུ་ཡོད་པའི་དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོའི་གླིང་དུ་ཕེབས་ནས་ཤང་ཅང་གཡུལ་འགྱེད་ནང་གི་དམར་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་དང་། གུས་འདུད་ལན་གསུམ་ཞུས་པ། “དམར་དམག་གི་བླ་སྲོག”ཅེས་པའི་བརྐོས་བརྙན་ལ་མཇལ་ཞུ་གནང་བ་དང་། དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་རེད།
     “གསར་བརྗེའི་ཕུགས་བསམ་ནམ་མཁའ་ལས་མཐོ། ཕུགས་བསམ་དང་དད་སེམས་ཀྱི་མེ་ལྕེ་འབར་རྗེས་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཐོན་ངེས་རེད། དམར་དམག་གི་དཔོན་དམག་རྣམས་ཀྱིས་འཆི་རྒྱུར་མི་སྐྲག་པ་དང་། ཞུམ་མེད་མདུན་སྐྱོད། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དེ་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་པ་དང་དར་སྤེལ་གཏོང་དགོས” “ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་པོའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་ཡོད།
     རླབས་ཆེན་གྱི་རྒྱང་སྐྱོད་ནི་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གིས་བྲིས་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཅིག་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཆེའི་མཛད་རྗེས་རྡོ་རིང་ཞིག་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བརྩེ་སེམས་ཟབ་མོའི་ཐོག་ནས་ཐེངས་མང་གསུངས་ཏེ“ད་ལྟའི་ཀྲུང་གོའི་ཡར་ཐོན་དང་འཕེལ་རྒྱས་ནི་རྒྱང་སྐྱོད་ཁྲོད་ནས་བྱུང་བ་ཞིག་རེད” “ང་ཚོ་མི་རབས་ནས་མི་རབས་བར་གྱིས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བློ་ལ་བརྟན་པོར་ངེས་དགོས་པ་དང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་སློབ་སྦྱོང་བྱེད་པ། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བརྒྱུད་ནས་ལོ་ངོ་80ལྷག་ཙམ་གོང་གི་དཀའ་སྡུག་ཆེ་ཞིང་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་ནི་ང་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
     ཀྲུང་གོ་གསར་པ་དབུ་བརྙེས་པའི་སྔ་ནུབ་ཏུ་བློ་མཐུན་མའོ་ཙེ་ཏུང་གིས་ཏང་ཡོངས་ལ“རྒྱལ་ཡོངས་རྒྱལ་ཁ་ལེན་པ་ནི་ལེ་དབར་ཁྲི་ཕྲག་ཟིན་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་གོམ་པ་དང་པོ་སྤོས་པ་ཙམ་ཞིག་རེད། གལ་ཏེ་གོམ་པ་འདི་ལའང་སྤོབས་པ་བྱས་ན་ཉམ་ཆུང་ནུས་མེད་ཅིག་རེད། གང་ཡིན་ཟེར་ན་སྤོབས་པ་བྱེད་འོས་པ་ད་དུང་རྗེས་ལ་ཡོད”ཅེས་བཀའ་སློབ་གནང་ཡོད། ད་ཆ་ང་ཚོ“ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་གནས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་རིང་བས་འབད་འཐབ་བྱ་རྒྱུ་ལས་མ་འདས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ཐོག་ནས་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། འབད་བརྩོན་བྱེད་པ། སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད་དགོས།

  
style="display:none;"