མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་ཀྲུང་ཏུར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་08ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་1ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཕྱིན་ཡོད། ཀྲུང་གོ་ནི་ཏུར་མེན་སི་ཐན་དང་ཕྱི་འབྲེལ་འཛུགས་མཁན་རྒྱལ་ཁབ་དང་པོ་དང་། ཏུར་མེན་སི་ཐན་ཕྱོགས་ཀྱིས་ནམ་ཡང་བར་གནས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་དང་པོ། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཆབ་སྲིད་ཡིག་ཆའི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་པའི་འཐབ་ཇུས་རོགས་ཟླ་དང་པོ་བཅས་ཡིན་ལ། ཏུར་མེན་སི་ཐན་ཕྱོགས་ཀྱི་རང་བྱུང་སོལ་རླངས་ཚོང་དོན་གྱི་རོགས་ཟླ་ཆེ་གྲས་དང་པོ་ཡང་རེད། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འབྲེལ་བ་གོང་འཕེལ་ཕྱིན་པ་ལས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད་ལ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཡང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྔར་རྒྱུན་བཞིན་ཏུར་མེན་སི་ཐན་ཕྱོགས་རང་ངོས་ཀྱི་རྒྱལ་ཁབ་དང་འཚམ་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཏུར་མེན་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་རང་བཙན་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར། ཏུར་མེན་སི་ཐན་ཕྱོགས་ཀྱིས་ནམ་ཡང་བར་གནས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བཅས་བྱེད་རྒྱུ་ཡིན། ང་དང་ཁྱེད་དབར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བཟུང་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱུན་མཐུད་བྱེད་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
     པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ་ཡིས། ཕྱི་འབྲེལ་བཙུགས་ཚུན། ཏུར་མེན་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཆེས་རྒྱ་ཁྱབ་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ་ཐུན་མོང་མ་ཡིན་པའི་རིམ་པ་མང་བའི་མཉམ་སྒྲུབ་ལམ་སྲོལ་བཙུགས་ཡོད། ཀྲུང་གོ་ལོ་མང་བསྟུད་མར་ཏུར་མེན་སི་ཐན་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་པ་འདི་ནི་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་རེད། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཏུར་མེན་སི་ཐན་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ཁེ་ཕན་ལ་ལྟ་རྟོག་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། ཏུར་མེན་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"