མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཁའེ་ཧྥུའུ་ཞིང་ཆེན་ལ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་
ཆེན་ཐོན་པར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་ལ་སེམས་གསོ་འཚམས་འདྲིའི་
གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་09ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
   ཞི་ཅིན་ཕིང་གིས་ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཁའེ་ཧྥུའུ་ཞིང་ཆེན་གྱི་པའེ་ཧྲ་ཝ་གྲོང་ཁྱེར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བར་གློ་བུར་དུ་ཤེས་ཚོར་བྱུང་།
   ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བའི་མིར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ལ། ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་། རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་པ་བཅས་ལ་འབད་བརྩོན་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
   དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དོན་རྐྱེན་དེའི་ཐད་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

  
style="display:none;"