མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་བཀོད་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
   གསུང་རྩོམ་ནང་ནན་བཤད་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་བབ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མངོན་པ། མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་ཡག་པོ་ཞིག་དང་། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་པོ་ཆེ་ཞིག རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཞིང་། གཅིག་ནས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ། ལྔ་ནས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས་པ། དྲུག་ནས་ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།
   གསུང་རྩོམ་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཐའ་འཁྱོངས་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་ཤིང་། གཅིག་ནས་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་བཅོས་སྐྱོང་ལེགས་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་རྩ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་སྤྲད་པའི་ལྟ་སྐུལ་དབང་ཆ་ཡག་པོ་སྤྱད་དེ་ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱེད་དགོས་པ། བཞི་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་ཀྱི་རེ་འདུན་གང་ཡོད་སྒྲུབ་གང་ཐུབ་པ་བྱེད་དགོས་པ། ལྔ་ནས་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། དྲུག་ནས་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
   གསུང་རྩོམ་ནང་བསྟན་དོན། དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་འདུ་ཤེས་གལ་ཆེན་ཞིག་རེད། དམངས་གཙོ་ནི་རྒྱན་ཆ་སྒྲིག་ཆས་མིན་ལ་སྒྲིག་ཆས་སུ་སྤྱོད་པ་ཞིག་ཀྱང་མིན་པར། མི་དམངས་ཀྱི་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་དགོས། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་གྱི་འགག་རྩ་ནི་མི་དམངས་དངོས་འབྲེལ་རང་ཁྱིམ་རང་བདག་ཐུབ་མིན་ལ་ཐུག་ཡོད། དམངས་གཙོ་ནི་རྒྱལ་ཁབ་ཁག་གི་མི་དམངས་ལ་དབང་བའི་དབང་ཆ་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་ཁེ་བེད་བདག་ཐོབ་མིན། དམངས་གཙོ་མངོན་འགྱུར་བྱེད་ཐབས་སྣ་ཚོགས་ཡོད་པས་ནད་བརྒྱ་སྨན་གཅིག་ལྟ་བུ་ཡོང་མི་སྲིད།
   གསུང་རྩོམ་ནང་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་སྒྲེང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དམངས་གཙོ་དང་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད་པ་མ་ཟད། དེར་ཞུགས་ཐབས་ཀྱི་ལག་ལེན་ཆ་ཚང་ཞིག་ཀྱང་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་བརྒྱུད་རིམ་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ་དང་། གོ་རིམ་དམངས་གཙོ་དང་ངོ་བོའི་དམངས་གཙོ། ཐད་ཀའི་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་བློ་སྟོབས་གཅིག་གྱུར་བཅས་མངོན་འགྱུར་བྱས་ཡོད་པས། དེ་ནི་འཁོར་འབྲེལ་ཧྲིལ་པོ་དང་། ཕྱོགས་ཡོངས། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་ཞིག་དང་། ཆེས་ཁྱབ་རྒྱ་ཆེ་བ་དང་། ཆེས་དོན་དངོས་དང་མཐུན་པ། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཞིག་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱེད་པ་དེ་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་བྱེད་ཐབས་ཐོག་ཞིབ་ཕྲ་དང་དོན་དངོས་ཀྱི་སྒོ་ནས་མཚོན་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་ཁག་དང་རིམ་པ་ཁག་གི་ལས་དོན་ཐོག་ཞིབ་ཕྲ་དང་དོན་དངོས་ཀྱི་སྒོ་ནས་མཚོན་པ། མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་རེ་འདོད་ལས་དོན་ཐོག་ཞིབ་ཕྲ་དང་དོན་དངོས་ཀྱི་སྒོ་ནས་མཚོན་པ་བཅས་བྱེད་དགོས།

  
style="display:none;"