མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་དཔྱད་
གླེང》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་10ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་རྒྱས་བཤད་གཏིང་ཟབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་གོ་བདེ་བའི་ཀློག་དེབ《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་དཔྱད་གླེང》ཉེ་ཆར་ཤིན་ཧྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད།
   དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་གྱིས་བཏོད་པའི་ངོ་མཚར་དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། དཔེ་དེབ་དེ་ཤིན་ཧྭ་གསར་འགྱུར་ཁང་གིས་ཡོངས་བསྒྲགས་ངང་སྤེལ་བའི“ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གསོན་ཉམས་ལྡན་པའི་ལག་ལེན་དཔྱད་གླེང”ཞེས་པའི་མུ་འབྲེལ་འཕྲིན་སྤེལ་རྨང་གཞིར་བྱས་ཏེ། “མཛེས་སྡུག”དང་། “ཏན་ཏིག” “ཕན་འབྲས” “མཐུན་སྦྱོར” “ཐུན་མོང”བཅས་ཐ་སྙད་ལྔར་དམིགས་པ་དང་། གསོན་ཉམས་ལྡན་པའི་ལག་ལེན་དང་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་སྙིང་བཅུད་ཀྱི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ནི་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་བྱེད་པའི་དཔལ་འབྱོར་རིག་པ་དང་། མི་རིགས་བསྐྱར་དར་ཆེད་དངོས་པོའི་རྨང་གཞི་དེ་བས་ཆེ་བ་འདིང་བའི་དཔལ་འབྱོར་རིག་པ། དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་རིག་པ། མི་རབས་ནས་མི་རབས་ལ་ཞི་བདེ་གཏོད་པའི་དཔལ་འབྱོར་རིག་པ། ཐུན་མོང་ཕྱུག་འགྱུར་གྱི་དཔལ་འབྱོར་རིག་པ་བཅས་ཡིན་ཞེས་བསྟན་ཡོད།
   དཔེ་དེབ་དེ་ཡིག་རིས་མཉམ་བཀོད་དང་གོ་བདེ་ཤེས་སླའི་བྱེད་ཐབས་ཐོག་ནས་ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་བཟང་ཕྱོགས་སུ་བསྐྱོད་པ་ནི་ལྡོག་ཐབས་མེད་པ་ཞིག་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པའི་ལྟ་བ་གསལ་པོ་བརྒྱུད་སྤྲོད་བྱས་ཡོད།

  
style="display:none;"