མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོར་བཅའ་སྡོད་མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་མོང་གོལ་
རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཕུལ་བའི་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་12ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་ཡིས་གདན་ཞུས་ལྟར་ཀྲུང་གོར་བཅའ་སྡོད་མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་པ་ཏེར་ལེ་དང་ཐུག་འཕྲད་བྱས་པ་དང་། པ་ཏེར་ལེས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕུལ་བའི་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ངང་གཉེར་བར་རྟེན་འབྲེལ་ཞུ་བའི་ཆེད་མངགས་བཟོས་པའི་ཕྱག་རྟགས་བརྒྱུད་སྤྲོད་བྱས་པ་དང་། ཕྱོགས་གཉིས་པོས་ཀྲུང་མོང་སྲིད་ཏང་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།

  
style="display:none;"