མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་སི་ལོ་ཝེ་ཉི་ཡའི་ཙུང་ཐུང་ཕ་ཧོར་གྱིས་ཀྲུང་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་
ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་14ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སི་ལོ་ཝེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕ་ཧོར་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
   ཞི་ཅིན་ཕིང་གིས་ཀྲུང་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས་བཅས་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་པ་དང་མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་བྱས་པ་ལས་ཀྲུང་སིའི་བརྩེ་སེམས་ཟབ་མོ་མངོན་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་ངས་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཕ་ཧོར་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བ་འགོ་འཛུགས་སར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་ཡག་པོ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན། དངོས་སྒྲུབ་མཉམ་ལས་གཏིང་ཟབ་བཅས་བྱས་ནས་ཀྲུང་སིའི་འབྲེལ་བའི་འཕེལ་རྒྱས་ཆེད་སྒུལ་ཤུགས་གསར་པ་བསྣན་ཏེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཕ་ཧོར་གྱིས་ཀྲུང་གོ་འདི་ཉིད་ཁྱབ་ཁོངས་མང་དག་ཏུ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་སི་ཀྲུང་འབྲེལ་བ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30སོང་རིང་ཕྱོགས་གཉིས་པོའི་འབྲེལ་བར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ཕན་འབྲས་ལྡན་པ། ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་ཕྱིན་པ། གངས་འཁྱགས་ལུས་རྩལ་དེ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་བ་བཅས་རེད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་སི་ལོ་ཝེ་ཉི་ཡས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པ་ཐོབ་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"