མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཱ་ཁོ་སི་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་14ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ཏི་ནན་ཏེ·ལུའོ་མུའར་ཏི་ཚི·མཱ་ཁོ་སིར་གློག་འཕྲིན་བཏང་གནང་ནས། ཁོང་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་དང་ཧྥི་ལི་ཕིན་ནི་ཆུ་བོ་གཅིག་གིས་བཅད་པའི་ཁྱིམ་མཚེས་རྒྱལ་ཁབ་དང་སྐྱིད་སྡུག་མཉམ་མྱོང་གི་རོགས་ཟླ་རེད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་དང་ལེགས་སུ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཆེད་ལེགས་སྐྱེས་ཕུལ་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པ་དང་། ཕྱོགས་གཉིས་པོའི་འབྲེལ་བར་གོ་སྐབས་གལ་ཆེན་དང་མདུན་ལམ་ཆེན་པོ་ལྡན་ཡོད། ངས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་མཱ་ཁོ་སི་དང་མཉམ་དུ་ལས་ཀའི་འབྲེལ་བ་བཟང་པོ་བཙུགས་ནས། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་མཐའ་འཁྱོངས་དང་། མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
   དེ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཧྲ་ལ·ཆི་མོའར་མན·ཏུའུ་ཐེའར་ཐེ་—ཁ་པེའོ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཧྥི་ལི་ཕིན་གྱི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

  
style="display:none;"