མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་གཉིས་པར་ཡིག་ཐོག་ནས་ཤིས་ཚིག་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་01ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་གཉིས་པར་ཡིག་ཐོག་ནས་ཤིས་ཚིག་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་ལྷོ་ལྷོ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་དུ་གྱུར་ཡོད་ཅེས་གསུངས་ཡོད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཡང་དག་པའི་བདེན་ཁེའི་ལྟ་བ་དང་ཟོལ་མེད་མཛའ་མཐུན་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བློས་ཐུབ་དང་། སྐྱིད་སྡུག་མཉམ་མྱོང་གི་གཅེན་གཅུང་བཟང་པོ། དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱེད་པའི་རོགས་ཟླ་ཡག་པོ་བཅས་རེད། 2021ལོའི་ཟླ་10པར་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་ལམ་སྲོལ་དངོས་སུ་བཙུགས་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལས་སྟེགས་གལ་ཆེན་གསར་པ་བཏོད་ཡོད་ཅེས་ནན་བཤད་གནང་ཡོད།
     ཞི་ཅིན་ཕིང་གིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་ས་ཁུལ་དེའི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡིན་ལ་ས་ཁུལ་དེའི་རྒྱལ་ཁབ་ཀྱི་ཐུན་མོང་འགན་འཁྲིའང་ཡིན། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་ཐུན་མོང་ཐོག་འགྲན་སློང་བསུ་བའི་གདེང་ཚོད་བརྟན་དུ་གཏོང་བ་དང་། མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ། ཐུན་མོང་ཐོག་འབྱུང་འགྱུར་གཏོད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན་འདོད་ཡོད་ཅེས་གསུངས་ཡོད། 

  
style="display:none;"