མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་བྱས་ནས་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་26ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་ཁྲིད་སྟོན་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》(གཤམ་དུ《དྲི་བ་དྲིས་ལན》ཞེས་བསྡུ་རྒྱུ)གྱི་དེབ་དེ་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པ་དང་ཚེས་24ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམ་པ་རེད།
     《དྲི་བ་དྲིས་ལན》ནང་དམག་དཔུང་སྟོབས་ཆེའི་ལག་ལེན་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་པ་དང་། རིགས་པའི་གཞུང་ལུགས་ཀྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་པ། དངོས་ཡོད་ཀྱི་དོ་ཁུར་ལ་ལན་རྒྱག་པ་བཅས་བྱས་ནས། དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་མ་ལག ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱས་ཏེ། རྒྱ་ཆེའི་དཔོན་དམག་དང་ལས་བྱེད་པ་དང་མང་ཚོགས་ཚོར་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། གོ་བ་སྔར་བས་གཏིང་ཟབ་ལེན་པ། སྔར་བས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་བྱ་རྒྱུར་རོགས་རམ་བྱས་ཡོད། 《དྲི་བ་དྲིས་ལན》ནང་ཁྱོན་ཆེད་དོན་ཁག་16དང་དྲི་བ་63དུ་དབྱེ་ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་དཔེ་གསར། ཡིག་རིས་མཉམ་སྤྱོད། གོ་བདེ་ཤེས་སླ་བཅས་ཡོད་པས། རྒྱ་ཆེའི་དཔོན་དམག་དང་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པའི་དཔེ་དེབ་གལ་ཆེན་ཞིག་རེད།

  
style="display:none;"