མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་<<“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱ་རྒྱུ་ཟབ་ཏུ་
གཏོང་རྒྱུ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་
གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་
བསམ་འཆར་>>པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་<<“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱ་རྒྱུ་ཟབ་ཏུ་གཏོང་རྒྱུ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་>>པར་འགྲེམས་བྱས་པ་དང་འབྲེལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་ཏན་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད།
         <<བསམ་འཆར་>>དེ་ཁྱོན་ཁག་བདུན་ལ་ཕྱེ་ཡོད་པ་སྟེ། སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེཊ་བྱེད་དགོས་པ་དང་། ཁས་ལེན་ཁ་ཐོག་ལག་བཞག་ཏན་ཏིག་ཐུབ་པ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་བཅོས་སྒྲིག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པ། འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་རྒྱུན་གཏན་ཅན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས་པ། ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་རང་མོས་རིང་ལུགས་དང་། ཁ་ཐོར་རིང་ལུགས། མི་བཟང་རིང་ལུགས། རང་དོན་རིང་ལུགས་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་པ། འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ཐད་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུཊ་སྣོན་བརྒྱབ་ནས་མང་ཚོགས་དང་འབྲེལ་བ་བྱེད་པའི་རྩ་འཛུགས་མ་ལག་དང་། ཞབས་ཞུའི་མ་ལག ལྟ་སྐུལ་མ་ལག འགན་ལེན་མ་ལག་བཅས་འཛུགས་དགོས་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་འགན་འཁྲི་ཁག་དོན་འཁྱོལ་བྱེད་དགོས་པ་བཅས་ཡིན།