མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞིན་ནན་ཝེར་ཧྲི་ཀྲོའུ་ཡི་ཀྲོའུ་ཀྲང་ལ་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞིན་ནན་ཝེར་ཧྲི་ཀྲོའུ་ཡི་ཀྲོའུ་ཀྲང་ལ་
མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཞི་ཉི་གྲོང་ཁྱེར་དུ་ ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞིན་ནན་ཝེར་ཧྲི་ཀྲོའུ་ཡི་ཀྲོའུ་ཀྲང་པེར་ཏེ་ལ་མཇལ་འཕྲད་གནང་སྐབས་ཕྱོགས་གཉིས་ཀས་གོ་སྐབས་དམ་འཛིན་དང་། བཟང་ཆ་རྒྱུན་འཁྱོངས། དུས་བསྟུན་མཉམ་སྐྱོད་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དམ་པོར་བཟུང་ནས་ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། རིག་གནས། སློབ་གསོ། ཡུལ་སྐོར་ལ་སོགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གསར་གཏོད་བསྐྱེད་སྤེལ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།